བཙན་བྱོལ་བོད་མིའི་དམངས་གཙོའི་ལས་དོན་ལ་བསྔགས་བརྗོད།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་བོད་མིའི་དམངས་གཙོའི་ལས་དོན་འཐུས་སྒོ་ཚང་དུ་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན།

2011.08.03

༄༅༎ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་སི་པི་མེཀ་ག་ལྦན་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དམངས་གཙོའི་ལས་དོན་འཐུས་སྒོ་ཚང་དུ་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན་གནང་ཡོད་འདུག

ཨ་རིའི་མངའ་སྡེ་མེ་ས་ཅུ་སེཏ་སི་ནས་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེཀ་ག་ལྦེན་ཡིས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་སུ་གསུང་བཤད་གནང་བའི་སྐབས་ དེང་སྐབས་འཛམ་གླིང་ནང་མི་མང་པོས་དབང་ཆ་ཐོབ་རྒྱུར་ཐབས་ལམ་སྣ་ཚོགས་འཛིན་བཞིན་པའི་སྐབས་དེར་༧གོང་ས་ཏ་ལའི་བླ་མ་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཙན་བྱོལ་བོད་མིའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་ཡས་དེ་ནི་འཛམ་གླིང་གི་ཟིན་ཐོར་འགོད་རྒྱུའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་མ་ཟད་ དེས་བཙན་བྱོལ་བོད་མིའི་དམངས་གཙོའི་བྱ་གཞག་དེ་བཞིན་འཕེལ་རྒྱས་ཀྱི་རྩེ་མཐོར་སོན་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་ཁར་དེའི་ཐོག་ནས་བོད་ནང་གི་བོད་མི་ཙམ་མ་ཟད་ རྒྱ་ནག་ནང་ལ་ཡང་དམངས་གཙོ་དང་རང་དབང་གི་རྨང་གཞི་གཏིང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་པས་  གནད་དོན་དེའི་ཐོག་ང་ཚོས་གལ་འགངས་ཆེན་པོ་ཞིག་དུ་རྩིས་ནས་དོ་སྣང་དང་གུས་ཞབས་ཞུ་དགོས་ཀྱི་རེད་ཅེས་གསུང་འདུག 

ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེཀ་ག་ལྦན་ཡིས་མུ་མཐུད་གསུང་ན་ ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༨ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོའི་སྐུ་ཚབས་བཞུགས་སྒར་རྡ་རམ་ས་ལར་མཉམ་འཛོམས་གནང་ཏེ་བཙན་བྱོལ་བོད་མི་ཚོས་དམངས་གཙོའི་ལམ་གྱི་ཐོག་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་དམ་འབུལ་མཛད་སྒོ་ཚུགས་རྒྱུ་ཡིན་པ་དང་ དེར་བརྟེན་ངས་བོད་མི་ཚོར་དམངས་གཙོའི་ལམ་གྱི་ཐོག་ནས་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་དང་བོད་མི་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུང་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎