བྱང་ཀོ་རི་ཡར་ཁ་རྡུང་གཏོང་བའི་གྲོས་ཆོད།
2010.12.22
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀུ་རི་ཡས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་ཐོག་ཁ་རྡུང་གཏོང་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད་
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གིས་གཟའ་མིག་དམར་ཉིན་བྱང་ཀུ་རི་ཡ་གཞུང་གིས་ཡུལ་དེའི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ནས་མི་སེར་ཚོར་ཉེས་རྡུང་མནར་གཅོད་དང་ གང་བྱུང་གི་བཙོན་འཇུག་དོ་དམ་བྱེད་ཀྱི་ཡོད་པ་མ་ཟད་ཆབ་སྲིད་དང་ཆོས་ལུགས་མི་སྣ་ཚོར་སྲོག་ཐོག་གི་ཉེས་ཆད་གཏོང་གི་ཡོད་པ་སོགས་ཀྱི་གནས་སྟངས་ཐོག་ཁ་རྡུང་གཏོང་རྒྱུའི་གྲོས་གཞི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༨ཉིན་བཏོན་ཡོད་པ་དེར་གྲོས་མོལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུའི་ནང་ནས་ཡུལ་གྲུ་༡༠༦ཀྱིས་རྒྱབ་སྐྱོར་དང་ཡུལ་གྲུ་༢༡ཀྱིས་ངོ་རྒོལ་དེ་བཞིན་ཡུལ་གྲུ་༥༥འི་སྐུ་ཚབ་མཉམ་བཞུགས་གནང་མེད་པའི་འོག་མང་མོས་ཀྱིས་གྲོས་གཞི་དེར་ཁ་ས་གཟའ་མིག་དམར་ཉིན་གྲོས་འཆམ་བྱུང་ཡོད་པ་རེད་
གྲོས་ཆོད་དེའི་ནང་ད་དུང་བྱང་ཀུ་རི་ཡ་གཞུང་གིས་གོང་ཞུས་གནས་སྟངས་དེ་རིགས་མུ་མཐུད་ནས་ལག་བསྟར་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡདོ་པའི་སྐོར་གསལ་སྟོན་གནང་བ་དང་འབྲེལ་བྱང་ཀུ་རི་ཡ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་གནང་ཡོད་འདུག