ཨེ་ཤེ་ཡའི་ཡུལ་གྲུས་འབར་མའི་གཞུང་ལ་གནོན་ཤུགས་སྤྲོད་དགོས།
2010.09.26
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་འབར་མའི་དྲག་པོའི་གཞུང་གནོན་ཤུགས་ཕར་མ་སྤྲོད་དགོས་པའི་སྐུལ་དེད་ནན་པོ་གནང་འདུག
འབར་མའི་ནང་ལོ་ཉི་ཤུའི་རྗེས་སུ་ཕྱི་ཟླ་བཅུ་གཅིག་གི་ཚེས་བདུན་ཉིན་རྒྱལ་ཡོངས་བསྡུ་བྱེད་རན་པ་དེ་མིང་དོན་མཚུངས་པ་ཞིག་ཡོང་བའི་ཆེད་དུ་ཡུལ་དེའི་ཁྱིམ་མཚེས་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཧ་ཅང་གནད་འགལ་ཆེན་པོ་ཡིན་པས་དེ་ལྟར་མ་བྱས་ན་རྒྱལ་ཁབ་དེ་དག་གི་མཚན་མཐོང་ལར་རྒྱར་གནོད་ཀྱི་རེད་ཅེས་དྲུང་ཆེ་སྦན་ཀི་མུན་མཆོག་གིས་འབོད་སྐུལ་ནན་པོ་ཞུས་གནང་འདུག
རེས་གཟའ་ཟླ་བ་ནས་དབུ་འཛུགས་གནང་རྒྱུའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་ཡོངས་འོས་བསྡུ་གྲ་སྒྲིག་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། ཨིན་ཡུལ་དང་ ཨ་མི་རི་ཀ་ ཁེ་ན་ཌ་བཅས་ཀྱིས་འབར་མའི་འོས་བསྡུ་དམ་བསྒྲགས་ཁོ་ནའི་འོག་བྱེད་རྒྱུར་ཡིན་པ་དེར་སྐྱོན་བརྗོད་བྱེད་བཞིན་པ་རེད།།