གཞོན་ལྷན་ནས་ལས་འགུལ་སྣེ་ཁྲིད་བྱེད་ཕྱོགས་ཐད་ཟབ་སྦྱོང།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞོན་སྐྱེས་ཚོར་ལས་འགུལ་སྣེ་འཁྲིད་བྱེད་ཕྱོགས་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་འདུག

2010.12.29

༄༅༎ཕ་ཡུལ་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདི་ཚེས་ཉི་ཤུ་བདུན་ནས་འགོ་བཙུགས་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་ཁུལ་ལས་འགུལ་སྤེལ་བའི་སྐབས་སྣེ་འཁྲིད་སྟངས་སྐོར་ཉིན་ལྔའི་ཟབ་སྦྱོང་ཞིག་གོ་སྒྲིགས་བྱས་ཡོད་པ་དང་། ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་བལ་ཡུལ་དང་། རྒྱ་གར་ནང་གི་མཐོ་རིམ་སློབ་གྲྭ་ཁག་བཅུ་གྲངས་ཤིག་ནས་གཞོན་སྐྱེས་དང་། དེ་བཞིན་སེ་འབྲས་དགའ་གསུམ་ནས་དགེ་འདུན་པ་བཅས་མི་གྲངས་ལྔ་བཅུ་ཙམ་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་འགོ་བཙུགས་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཀར་ན་ཀྲ་ཀའི་མངའ་སྡེའི་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གདན་ཞུ་གནང་ཡོད་པ་དང་། ཁོང་གིས། མི་མང་གི་ལས་འགུལ་སྣེ་འཁྲིད་རྒྱུའི་འཐབ་བྱུས་གཏིང་པའི་སྐབས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་དོན་སྤེལ་རྒྱུའི་སྐུལ་སློངཡོད་པ་ཞིག་ཡོད་པ་ཞིག་ངེས་པར་དུ་དགོས་པ་ལས་ང་ཟེར་རང་གཅིག་པུས་ལས་དོན་གང་ཡང་ལམ་ལྷོང་ལྡན་པ་ཞིག་སྤེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་ཟབ་སྦྱོང་འདིའི་ལས་རིམ་ནང་། གསུངས་བཤད་གནང་མཁན་ཁོངས་སུ་ལྡི་ལི་ཇ་ལྦ་ཧར་ལལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཀོན་དྲ་པ་ལི་མཆོག་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་གཙོས་མི་སྣ་ཁག་ཅིག་ཡོད་པ་རེད། ད་རེས་ཟབ་སྦྱོང་འདིའི་རིང་། དེང་སང་རྒྱ་ནག་སྟོབས་ཤུགས་ཆེན་པོ་ཆགས་འགྲོ་གི་ཡོད་པ་དེས་རྒྱ་གར་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་བཟོ་ཡོད་མེད་དང་། རྒྱལ་སྤྱིའི་ནང་བོད་ཀྱི་རང་བཙན་འཐབ་རྩོད་མུ་མཐུད་ནས་བྱེད་རྒྱུར་འཐབ་བྱུས་ག་འདྲ་གཏིང་དགོས་མིན། བོད་མིའི་མང་གཙོའི་འཕེལ་རིམ་དང་། ད་ལྟ་འགྲོ་བཞིན་པའི་བོད་མིའི་འོས་བསྡུའི་ལས་དོན་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་སོགས་གནད་དོན་མང་པོ་ཞིག་ཐོག་གོ་བསྡུར་དང་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག་ལ་དབུ་འབྱེད་མཛད་སྒོའི་ཐོག་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་ཀྱང་ད་རེས་དམིགས་ཡུལ་གཙོ་བོ་གཞོན་སྐྱེས་ཚོས་ལས་འགུལ་སྤེལ་བའི་སྐབས་དྲང་བདེན་དང་། གདེང་སྤོབས་ཀྱི་ཐོག་ནས་ལས་དོན་སྤེལ་ཕྱོགས་ཇི་ལྟར་བྱེད་དགོས་མིན་སྐོར་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་ཚོས་ཀྱང་ལས་དོན་སྤེལ་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ཟབ་སྦྱོང་འདི་བཞིན་འདི་ཚེས་༣༡ཉིན་མཇུག་སྒྲིལ་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎