གཞོན་ནུ་ལྷན་ཚོཊ་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུཊ་འབུལ་རྒྱུ།
2015.06.08
བོད་ཀྱི་གཞོན་ནུ་ཚོཊ་པས༧གོང་ས་མཆོག་གི་བཀྲིན་རྗེས་དྲན་ཞུ་ཕྱིར་བོད་ཡིག་ཡིག་རྒྱུཊ་ཨང་དང་པོ་སོན་མཁན་ལ་སློབ་ཡོན་དང་གཟེངས་རྟཊ་འབུལ་རྒྱུ།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུ་རྒྱུ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལོ་ལྟར་རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ལོན་མཁན་བོད་རིགས་སློབ་མར་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་རྒྱུ་དང་། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་རྩེད་ཕུད་ལོན་མཁན་སློབ་མར་ཧིན་སྒོར་ཁྲི་གཉིས་གནང་འཆར་འདུག བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དེ་ནི་གཙོ་བོ་༧གོང་ས་མཆོག་ད་ལོ་དགུང་གྲངས་༨༠་ཕེབས་པ་དང་བསྟུན་ནས་༧མགོན་པོ་གང་ཉིད་ཀྱི་བཀྲིན་རྗེས་དྲན་ཞུ་རྒྱུའི་ཆེད་དང་བོད་རིགས་སློབ་མ་ཚོར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་འཕར་མ་ཡོང་ཆེད་དུ་དམིགས་པ་ཡིན་སྟབས་གཟེགས་རྟགས་དེ་བཞིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འབུལ་འཆར་འདུག གོང་ཞུས་གསལ་བསྒྲགས་ནང་ད་དུང་འདི་ལོའི་ཕྱི་ཟླ་༧་ཚེས་༣༡་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་མཐུན་མོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགུང་གྲངས་བརྒྱ་བཅུར་ཕེབས་པའི་དུས་བཟང་དང་བསྟུན་ནས་༧མགོན་པོ་གང་ཉིད་སྐུ་ཚེ་སྐལ་བརྒྱར་བསྟན་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྐོར་ཡང་བཀོད་གནང་འདུག གཞོན་ལྷན་གྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་ཞིག་ཡིན། ཕྱི་ལོ་༡༩༧༠་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་གཞོན་ལྷན་གྱིས་རང་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་ཡོང་ཐབས་སུ་ལས་འགུལ་བསྟུད་མར་སྤེལ་བཞིན་པ་དང་། ད་ལྟའི་དུས་སྐབས་འདིར་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས་དེ་ནི་གཙོ་བོ་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་སྐོར་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།