གཞོན་ནུའི་རྒྱུན་ལས་གསར་པ།


2013.06.01
གཞོན་ནུ་ཀྱི་རྒྱུན་ལས་གསར་པ། ཕྱི་ཚེས་༡ཉིན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་མཇུག་སྒྲིལ་དང་འབྲེལ་དབུས་རྒྱུན་ལས་གསར་པ་བདམས་ཡོད་པའི་གནས་ཚུལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ལོ་ ༢༠༡༣ ཟླ ༥ ཚེས་ ༢༧་ནས་བཟུང་བཞུགས་སྒར་དུ་སྐོང་ཚོགས་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དེ་བཞིན། ཕྱི་ཟླ་དྲུག་པའི་ཚེས་གཅིག་གི་ཉིན་མཇུག་སྒྲིལ་གནང་བ་དང་འབྲེལ་སྐབས་བཅོ་ལྔ་པའི་དབུས་རྒྱུན་གསར་པ་བདམས་ཡོད་པ་དང་། རྒྱུན་ལས་གསར་པ་རྣམས་ནི། ཨ་རིའི་མེ་ནེ་སོ་ཊ་ནས་ཕེབས་པའི་བསྟན་འཛིན་འཇིགས་མེད་ཚོགས་གཙོ་དང་། བལ་ཡུལ་ནས་ཕེབས་པའི་རྟ་མགྲིན་སྲིད་ཆོས་ཚོགས་གཞོན། བསྟན་འཛིན་ལམ་བཟང་དྲུང་ཆེ་ལ་འོས་འདེམས་བྱས་ཡོད་པ་རེད། དེ་མིན་གྱི་རྒྱུན་ལས་གཞན་དག་ནི་བཀྲ་ཤིས་དོན་གྲུབ་དང་། ངག་དབང་བློ་བཟང་། བསྟན་འཛིན་བརྩོན་འགྲུས། ཡེས་ཤེས་བསྟན་འཛིན། ཚེ་དབང་སྒྲོལ་མ། ཉི་མ་ཆོས་འཛོམས། བསྟན་འཛིན་དབང་ཕྱུག་བཅས་ཡིན་པ་རེད།
གསར་དུ་འོས་འདེམས་བྱུང་བའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ལངས་ཕྱོགས་ལྟར་བོད་རང་བཙན་འཐབ་རྩོད་ཆེད་ལས་དོན་བྱེད་རྒྱུ་དང་། ༸གོང་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པའི་ཆེད་དུ་ལས་དོན་བྱེད་རྒྱུ་ཡིན་པ་དང་། དེ་བསྒྲུབ་རྒྱུར་ཚོགས་མི་ཚང་མས་རྒྱབ་སྐྱོར་དང་མཉམ་རུབ་གནང་དགོས་པ་ནི་གལ་ཆེན་པོ་རེད་ཅེས་གསུངས་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་དགའ་ལྡན་ཕོ་བྲང་དུ་སྙན་ཞུ་ཞིག་ཕུལ་བ་དང་འབྲེལ་གྲོས་ཆོད་དོན་ཚན་དང་པོ་དེ་མ་ཤེས་པའི་དབང་གིས་༧གོང་ས་མཆོག་གི་ལྷ་དགོངས་འཁྲུག་པའི་རིགས་དགོངས་སེལ་ཞུ་རྒྱུ་དང་། དོན་ཚན་གཉིས་པ་སྦིིར་ས་གནས་སུ་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་སྐབས་བཞག་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་ལ་སྒྱུར་དགོས་ཀྱི་འདུག་ཅེས་པའི་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུ། གསུམ་པ་དེ་གཞོན་ནུའི་ལངས་ཕྱོགས་རང་བཙན་ཡིན་པའི་ཐོག་ནས་འབྱུང་འགྱུར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་པ་གསུམ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎