གཞོན་ནུ་ལྷན་ཚོགས་ནས་བོད་མི་གོམ་བགྲོད་བར་སྐྱོན་བརྗོད།

རྒྱ་གར་ནས་བོད་བར་གོམ་བགྲོད་བྱེད་མཁན་བོད་མི་གསུམ་གྱིས་རྒྱ་དམར་གྱི་དར་ཆ་ཁྱེར་ནས་ལས་འགུལ་སྤེལ་བ་དེར་ངོ་རྒོལ་གནང་ཡོད་པ་རེད།

2012.05.05

༄༅༎རྒྱ་གར་ནས་བོད་བར་གོམ་བགྲོད་བྱེད་མཁན་བོད་མི་གསུམ་གྱིས་རྒྱ་དམར་གྱི་དར་ཆ་ཁྱེར་ནས་ལས་འགུལ་སྤེལ་བ་དེར། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་གནང་ཡོད་པ་རེད།           དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་དུ་རེས་གཟའ་པ་སངས་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བའི་ནང་གོང་ཞུས་བོད་མི་གསུམ་གྱིས་ལས་འགུལ་སྤེལ་ཕྱོགས་ཐོག་སྐྱོན་བརྗོད་ཀྱིས། རྒྱ་བོད་གཉིས་ཀྱི་དཀའ་རྙོག་སྟེ་འགྲོ་བ་མའི་ཐོབ་ཐང་གི་གནས་དོན་ཙམ་མིན་པར་རྒྱ་ནག་གི་བོད་བཙན་བཟུང་བྱས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་དང་།  དེ་འདྲ་ཡིན་དུས་ཕྱི་ལོ་ ༡༩༤༩ ལོ་ནས་ད་བར་གྱི་བོད་མིའི་གནད་དོན་དེ་རང་བཙན་གྱི་ཐབས་རྩོད་ཅིག་དང་དེ་མུ་མཐུད་མཇུག་སྐྱོང་གནང་དགོས་པའི་གནད་དོན་ཞིག་ཡིན་པ་རེད་ཅེས་གསུངས་འདུག           
ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནང་རྒྱ་དམར་གྱི་དར་ཆའི་འོག་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད་དུས་ད་ལྟའང་བོད་མི་རྣམས་རྒྱ་དམར་གྱི་དར་ཆ་བཙན་དབང་ཐོག་འགྲེངས་འཛུགས་བྱེད་དགོས་པའི་བཙན་བཀར་ངོ་རྒོལ་གྱིས་ཚེ་སྲོག་ཤོར་དང་ཤོར་བཞིན་ཡོད་པ་དང་རང་དབང་ནང་ཡོད་པའི་བོད་མིས་དེ་ལས་ལྡོག་སྟེ་རྒྱ་དམར་གྱི་དར་ཆ་’’འཕྱར་རྒྱུ་དེ་རང་གི་འོས་འགན་དང་བོད་ཀྱི་ཐབས་རྩོད་དང་རྒྱལ་རབས་ལོ་རྒྱུས་ཐོག་འགལ་ཟླའི་བྱ་བཞག་ཅིག་ཡིན་པ་རེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསུངས་ཡོད་པ་རེད། ཐོག་མའི་འཆར་གཞོན་ནུ་ལྷན་ཚོགས་ངོས་ནས་རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་དེའི་དགོས་འདུན་དང་ཆོད་སེམས་སོགས་ལ་བརྟེན་ནས་རྒྱབ་སྐྱོར་གནང་ཡང་རྫེས་སུ་ཁོང་ཚོ་གསུམ་གྱིས་ལས་འགུལ་ཐོག་རྒྱ་དམར་གྱི་དར་ཆ་ཁྱེར་རྒྱུ་འགོ་འཛུགས་བྱས་པ་ཤེས་རྟོག་བྱུང་རྗེས་གཞོན་ནུ་ལྷན་ཚོགས་ཀྱིས་དེར་ངོ་རྒོལ་གནང་བ་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎