རྒྱ་ནག་ཉེན་རྟོག་པས་བོད་མི་གཉིས་ལ་ཉེས་རྡུང་བཏང་བ།

བོད་མི་གཉིས་ཉེ་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད་དོ་དམ་འོག་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་འདུག

2010.02.26

༄༅༎བོད་ཤར་ཕྱོགས་དམར་ཁམས་ཀྱི་ཙང་ཤུལ་གྲོང་ཚོ་ནས་ཡིན་པའི་བདེ་ལེགས་དཔལ་ལྡན་དང༌། ལྦ་ཤུལ་ཚེ་རིང་བསོད་ནམས་ཞུ་བའི་བོད་མི་གཉིས་ཉེ་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད་ དོ་དམ་འོག་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ད་ཆ་བོད་མི་གཉིས་པོ་དེ་དག་ཤི་སོན་དབྱེར་མེད་ལྟབུ་བཟོས་ཡོད་འདུག དེ་ཡང་བོད་མི་གཉིས་པོ་དེ་དག་འདི་ཚེས་༢༣གྱི་ཉིན་དགུང་ཆུ་ཚོད་༢པའི་ཐོག་རྒྱུ་མཚན་འགྲེལ་བརྗོད་གང་ཡང་མེད་པར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འཛིན་བཟུང་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་རྐྱེན་གྱིས་ད་ཆ་བདེ་ལེགས་དཔལ་ལྡན་ལངས་མི་ཐུབ་ལྟབུའི་ནད་གཅོང་ཆགས་ཡོད་པ་དང༌། ཡང་ལྦ་ཤུལ་ཚེ་རིང་བསོད་ནམས་ཞུ་བ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་རྡུར་ཡོད་པའི་སྨན་ཁང་ཞིག་གི་ནང་ལྷག་བསྡད་ཡོད་འདུག

རྗེས་སུ་ཤེས་རྟོགས་བྱུང་བར་གཞིགས་ན། གོང་ཞུས་མི་སྣ་གཉིས་པོ་དེ་དག་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ན་ནིང་དམར་ཁམས་རྫོང་ནང་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་སྤེལ་བའི་སྐབས། ས་གནས་བོད་མིས་ངོ་རྒོལ་བྱས་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ནི། དོ་དམ་བཀག་ཉར་བྱེད་པའི་སྐབས། ཁོ་པ་གཉིས་ལ། གཏེར་ཁ་བསྔོགས་འདོན་གྱི་ལས་གཞིར་འགོག་རྐྱེན་བཟོ་མཁན་གྱི་འགོ་འཁྲིད་ཡིན་པ་དང༌། ཁོ་པ་གཉིས་ཀྱིས་སྐུལ་སློང་བྱས་པའི་ལས་འགུལ་དེ་ནི། རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་ཞིག་རེད་ཟེར་བ་སོགས་ཀྱིས་སྐྱོན་འཛུགས་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎