བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཆུང་གི་ཞུཌ་མོལ་ཚོཌ་འདུ།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་སྐོང་ཚོགས།

2011.10.10

༄༅༎བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རྡ་རམ་ས་ལར་སྐོང་ཚོགས་གནང་འདུག༎
ཕྱི་ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བའི་སྔ་དྲོ་བཀའ་ཤག་གི་ཚོགས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ ལྡི་ལིར་བཅའ་བཞུགས་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། ཐད་བསྐོས་སྤྱི་འཐུས་ཟུར་པ་རྨིའུ་མགོན་པོ་མཚོ་ལགས། འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ལྷན་འཛོམས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་པ་དེ་བཞིན་ཉིན་གཅིག་རིང་རྡ་རམ་ས་ལར་སྐོང་ཚོགས་གནང་ཡོད་འདུག། ཐེངས་འདིའི་ཚོགས་འདུ་འདི་བཞིན་བཀའ་ཤག་གསར་པ་དང་བོད་མིའི་སྒྲིག་འཛུགས་ཀྱིས་ བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཐད་བསྐྱར་ཞིབ་གནང་རྒྱུའི་ཚོགས་འདུ་ཐོག་མ་དེ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཞིབ་ཁྲའི་གནས་ཚུལ་གང་ཡང་མི་འདུག་ཀྱང་ཚོགས་མི་གསར་པ་ཁ་ཤས་ཁ་སྣོན་གནང་བའི་ཚོགས་འདུ་འདིའི་ཐོག་ཡུན་རིང་ནས་ལམ་ལྷོངས་མ་བྱུང་བའི་བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་སྤྱི་དང་ ལྷག་དོན་དུ་བར་ལམ་ནས་བོད་ཤར་ཕྱོགས་སུ་ན་གཞོན་མང་པོས་རྒྱ་ནག་གི་གདུག་རྩུབ་དྲག་གནོན་མ་བཟོད་པར་རང་ལུས་མེར་བསྲེགས་མུ་མཐུད་ནས་བྱེད་བཞིན་པའི་སྐོར་བཀའ་བསྡུར་ལྷུག་པོ་ཡོང་རྒྱུར་ཐེ་ཚོམ་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎