འཇུ་བཟུང་རྗེས་ཕྱིར་དགོན་པར་ཞུཊ་མི་ཆོག་པའི་བཀའ་བཏང་འདུག


2015.06.12
་མཚོ་ཟིལ་དཀར་དགོན་པ་དང་དགེ་འདུན་པ་ཚུལ་ཁྲིམས་འོད་ཟེར། ་མཚོ་ཟིལ་དཀར་དགོན་པ་དང་དགེ་འདུན་པ་ཚུལ་ཁྲིམས་འོད་ཟེར།
ཀུན་བཟང་བསྟན་འཛིན། /RFA

རྒྱ་ནག་གི་ཉེན་རྟོག་པས་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ཞིག་འཇུ་བཟུང་རྗེས་ཕྱིར་དགོན་པར་ཞུགས་མི་ཆོག་པའི་བཀའ་བཏང་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ཟླ་བ་འདིའི་ཕྱི་ཚེས་༦ཉིན་རྒྱ་ནག་ཉེན་རྟོག་པ་ཡུལ་ཤུལ་ཁུལ་ཁོགས་སུ་ཡོད་པའི་ཉ་མཚོ་ཟིལ་དཀར་དགོན་དུ་ཡོང་ནས། དགོན་པ་དེའི་དགེ་འདུན་པ་ཚུལ་ཁྲིམས་འོད་ཟེར་ལགས་རྒྱུ་མཚན་གང་ཡང་འགྲེལ་བཤད་མེད་པའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཉིན་གཉིས་རིང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་པའི་རྗེས་དགོན་པར་ཕྱིར་ལོག་མི་ཆོག་པ་བརྗོད་ནས་གློད་གྲོལ་བཏང་ཡོད་འདུག སྐུ་ཞབས་ཚུལ་ཁྲིམས་འོད་ཟེར་ལགས་རྒྱ་ནག་གི་ཉེན་རྟོག་པས་བཀག་ཉར་བྱས་པ་དེ་ནི་ཁོང་གིས་དྲ་རྒྱའི་ཐོག་ནས་ས་གནས་ཀྱི་གནས་ཚུལ་ཕྱིར་བཏང་བ་ཡིན་པར་ས་གནས་མི་མང་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་གསུངས་འདུག ས་གནས་ནས་བོད་མི་གཞན་ཞིག་གིས་ཡིག་ཐོག་ནས་ས་གནས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། སྤྱིར་རྒྱ་ནག་གཞུང་གིས་ཉ་མཚོ་ཟིལ་དཀར་ས་གནས་ཁྱོན་ཡོངས་སུ་དམ་བསྒྲགས་བཀག་སྡོམ་ཧ་ཅང་ནན་པོ་ཡོད་པའི་ཁར་དམིགས་བསལ་དགེ་འདུན་པ་ཚོར་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་ནས་བོད་ཀྱི་ས་གནས་གཞན་གྱི་དགེ་འདུན་པ་ཉག་འཚོ་ས་གནས་དགོན་པའི་ནང་ཆོས་བཞུགས་བྱ་མི་ཆོག་པ་དང་། ཉ་མཚོ་
ས་གནས་ཀྱི་དགེ་འདུན་ཚོ་ས་གནས་གཞན་དུ་ཆོས་བཞུགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་ནན་པོ་བཏང་པའི་ཁར་ལྷག་པར་དུ་དེང་སྐབས་ས་གནས་དེའི་ནང་དྲ་རྒྱའི་ཐོག་ལ་ཡང་དམ་བསྒྲགས་བཀག་སྡོམ་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པའི་སྐོར་སོགས་ཡིག་ཐོག་ནས་ངོ་སྤྲོད་གནང་ཡོད་འདུག
གནས་ཚུལ་ངོ་སྤྲོད་གནང་བའི་ནང་། ཕྱི་ཟླ་དྲུག་པའི་ཚེས་༡༡ཉིན་ས་གནས་ཉེན་རྟོག་པ་ཉ་མཚོ་ཟིལ་དཀར་དགོན་པའི་ནང་བསྐྱར་དུ་ཡོང་ནས་ཟི་ཁྲོན་ནས་ཡིན་པའི་དགེ་འདུན་ཞིག་ཁོང་ཚོར་རྩིས་སྤྲོད་དགོས་པ་བཤད་ཡོང་ཀྱང་དགོན་པའི་ལས་སྣེ་ཚོས་དགེ་འདུན་ཁོང་ད་ཆ་དགོན་པར་མེད་པར་ཕྱིར་ཕེབས་ཟིན་པ་གསུངས་ཡོད་པའི་སྐོར་འཁོད་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎