ཚེ་རིང་འཚོ་གློད་བཀྲོལ་བྱུང་བར་ས་གནས་བོད་མིས་བསུ་བ།


2016.06.10
ཚེ་རིང་འཚོ་གློད་བཀྲོལ་བྱུང་བར་ཕེབས་བསུའི་སྐབས། ༢༠༡༦།༦།༡༠ ཚེ་རིང་འཚོ་གློད་བཀྲོལ་བྱུང་བར་ཕེབས་བསུའི་སྐབས། ༢༠༡༦།༦།༩
བོད་འབྱོར།

རྒྱ་ནག་གིས་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་གྱིས་འཇུ་བཟུང་བྱས་བའི་རྔ་བའི་ཚེ་རིང་འཚོ་གློད་གྲོལ་བྱུང་བ་དང་བོད་མི་ཚོས་བསུ་བ་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༥པའི་ཚེས་༢༥་གཡས་གཡོན་ཙམ་ལ། རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་བའི་ཚེ་རིང་འཚོ་ལགས་ཟླ་༦པའི་ཚེས་༩་ཉིན་གློད་གྲོལ་བྱུང་ཡོད་པ་དང་། ཁོ་མོ་ཕྱིར་འབྱོར་སྐབས་ས་གནས་བོད་མི་ཚོས་ཁ་བཏགས་དང་གོས་ཆེན་འཐེན་ནས་དགའ་བསུ་དང་བསུ་བ་བྱས་འདུག།
ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་མོ་བོད་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་དང་། སྐད་འཕྲིན་སོགས་ནས་ཕྱི་ཕྱོགས་སུ་གནས་ཚུལ་འདྲ་མིན་བསྒྲགས་ཀྱི་ཡོད་ཚུལ་གྱིས་འཇུ་བཟུང་བྱས་བ་ཡིན་པ་དང་། ད་བར་རྔ་བ་རྫོང་ཐོག་ནས་བཀག་ཉར་འདྲི་རྩད་བྱས་རྗེས་གློད་གྲོལ་བྱུང་བ་ལས། ཐག་གཅོད་ཅི་བྱུང་སོགས་ལ་གནས་ཚུལ་ཁ་གསལ་མེད་པ་བརྗོད་བྱུང་།
ཚེ་རིང་འཚོ་ནི་དགུང་ལོ་༣༥་ཡས་མས་ཙམ་ཡིན་པ་དང་། ཕ་ཡུལ་མདོ་སྨད་རྔ་བ་རྨེའུ་རུ་མ་རུ་ཆེན་གསུམ་པའི་ཕ་བསོད་ནམས་ཚེ་རིང་དང་། མ་བ་ལོ་གཉིས་ཀྱི་བུ་མོ་ཡིན་པར། རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ན་ཇ་ཁང་ཆུང་ཆུང་ཞིག་ཕྱེས་བསྡད་ཡོད་འདུག།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎