བྱང་ཀོ་རི་ཡའི་གནད་དོན་ཐོག་གདོང་ལེན་བྱེད་རྒྱུའི་འབོད་སྐུལ།


2017.05.01
ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཇར་མན་གྱི་སྲིད་བློན་ལ་ཁ་པར་གཏོང་བཞིན་པ། ༢༠༡༧།༡།༢༨ ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཇར་མན་གྱི་སྲིད་བློན་ལ་ཁ་པར་གཏོང་བཞིན་པ། ༢༠༡༧།༡།༢༨
AFP

ཨ་རིའི་སྲིད་འཛིན་(Trump)མཆོག་གིས་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་བྱང་ཀོ་རི་ཡའི་གནད་དོན་ཐོག་མཉམ་སྦྲེལ་གྱིས་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་རྒྱལ་སྤྱིའི་ནང་སྐྱོན་བརྗོད་བྱེད་མིན་ལ་མ་བལྟོས་པར། བྱང་ཀོ་རི་ཡའི་ངོས་ནས་འདས་པའི་དུས་ཡུན་ཐུང་ངུའི་ནང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བསྟུད་མར་བྱེད་བཞིན་པ་དེར་གདོང་ལེན་བྱེད་རྒྱུའི་ཆེད། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་གཙོས་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་ནག་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་པར་སྔ་ས་ནས་བཀའ་མོལ་གནང་ཟིན་པ་དང་། ཚེས་༣༠་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་(Trump)་མཆོག་གིས། ཐའེ་ལན་ཊི་དང་། སིང་གྷ་པུར་གྱི་དབུ་འཁྲིད་རྣམ་པའི་མཉམ་ཞལ་པར་ཐོག་ནས་བཀའ་མོལ་གནང་ཏེ་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་དང་གཞན་ཡང་འཐབ་ལམ་གཞན་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཐབས་སོགས་གདོང་ལེན་བྱེད་ཕྱོགས་ཐོག་བཀའ་མོལ་གནང་ཡོད་ལུགས་ཨ་རིའི་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་ནས་འགྲེལ་བརྗོད་གནང་འདུག
དེའི་གོང་གཟའ་སྤེན་པའི་ཉིན་ཧྥེ་ལི་པིན་གྱི་སྲིད་འཛིན་ལའང་གནད་དོན་དེའི་ཐོག་གྲོས་མོལ་གནང་ཡོད་པ་སོགས་ཕྱོགས་གང་ས་ནས་ཨ་མི་རི་ཀར་རྒྱབ་སྐྱོར་དང་ཟུང་སྦྲེལ་གྱི་ཐོག་ནས་གདོང་ལེན་གནང་རྒྱུའི་གྲ་སྒྲིག་དང་མཐུན་ཕྱོགས་རྒྱལ་ཁབ་ཚོར་འབོད་སྐུལ་གནང་བཞིན་ཡོད་འདུག
ཡང་ཨ་མི་རི་ཀའི་སྲིད་འཛིན་མཆོག་ནས་ཀྱང་ཐེངས་མང་རིང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དཔེར་ན། མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་པ་དང་གོ་མཚོན་རྒྱ་བསྐྱེད་གཏོང་བཞིན་པ་དེ་ནི་ད་ལྟའི་ཆར་ཨ་རིར་གདོང་ལེན་བྱེད་རྒྱུའི་གནད་དོན་གལ་ཆེ་ཤོས་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དང་། རྒྱ་ནག་མཉམ་དུ་ཚོང་གི་འབྲེལ་ལམ་བྱེད་རྒྱུ་ལས་རྒྱ་ནག་གི་ངོས་ནས་བྱང་ཀོ་རི་ཡའི་དཀའ་རྙོག་སེལ་ཐབས་སུ་བྱང་ཀོ་རི་ཡར་གནོན་ཤུགས་ཆེ་ཙམ་སྤྲོད་ཐབས་བྱེད་རྒྱུ་གལ་ཆེ་བར་བརྩི་གི་ཡོད་ཅེས་གསུངས་ཡོད་པ་རེད།
འཛམ་གླིང་ནང་བྱང་ཀོ་རི་ཡའི་མཉམ་འབྲེལ་བ་ཆེ་ཤོས་དང་སེམས་ཐག་ཉེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་ནི་རྒྱ་ནག་ཡིན་པ་རེད། འོན་ཀྱང་བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱལ་སྤྱིའི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་བརྩི་མེད་རྡོག་རོལ་བཏང་ཏེ་མུ་མཐུད་ནས་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱེད་རྒྱུ་ཡིན་ལུགས་བཤད་བཞིན་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎