ཤིན་ཅང་དུ་ཡུ་གུར་མི་རིགས་ཉི་ཤུ་རྩ་གཉིས་ལ་ཁྲིམས་ཞིབ།

རྒྱ་ནག་གཞུང་གིས་ཤིན་ཅང་ནང་བྱུང་བའི་དུས་ཟིང་སྐབས་འཛིན་བཟུང་བྱས་པའི་མི་གྲངས་ཉི་ཤུ་རྩ་གཉིས་ལ་ཁྲིམས་ཞིབ་བྱས་ཡོད་པ་རེད་

2009.12.23

༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་འམ་ཤར་ཏུར་ཀི་སི་ཐན་ནང་གི་བྱུང་བའི་དུས་ཟིང་སྐབས་འཛིན་བཟུང་བྱས་པའི་མི་གྲངས་ཉི་ཤུ་རྩ་གཉིས་ལ་ཁྲིམས་ཞིབ་བྱས་ཡོད་པ་རེད་

ཤིན་ཅང་རང་སྐྱོང་ལྗོངས་ཀྱི་མགྲིན་ཚབ་པ་ཧོ་ཧན་མཱིན་གྱིས་དེ་རིང་འགྲེལ་བརྗོད་བྱས་དོན་ལ་ཤིན་ཅང་ས་གནས་ཁྲིམས་ཁང་གིས་གཟའ་ལྷག་པའི་ཉིན་ད་ལོ་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་ས་གནས་སུ་བྱུང་བའི་དུས་ཟིང་དང་འབྲེལ་བ་ཡོད་པའི་མི་ཉི་ཤུ་རྩ་གཉིས་ལ་ཁྲིམས་ཞིབ་བྱས་ཡོད་པ་དང་ཁྲིམས་ཐག་ཉིན་དེའི་ཉིན་རྒྱབ་ཏུ་བཅད་ཡོད་ཅིང་ཡིན་ནའི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཁོང་གིས་ཤེས་རྟོགས་མེད་ལུགས་བཤད་ཡོད་པ་དང་འབྲེལ་ཁྲིམས་ཐག་རིང་མིན་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་ཁ་པར་བརྒྱུད་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་རེད་

ད་ལོ་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་ནང་དུས་ཟིང་བྱུང་བའི་རྗེས་ད་བར་རྒྱ་ནག་གཞུང་ཕྱོགས་ནས་མི་གྲངས་༤༡ཙམ་ལ་ཁྲིམས་ཞིབ་བྱས་ནས་ཁྲིམས་ཐག་ཉེས་ཆད་བཅད་ཡོད་པ་དང་དེའི་ནང་ནས་མི་གྲངས་བཅུ་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་ཅིང་མི་གྲངས་དགུ་ཕྱི་ཟླ་བཅུ་གཅིག་པའི་ནང་དངོས་སུ་སྲོག་ཐོག་བཏང་ཡོད་པ་རེད་ ཁྲིམས་ཐག་བཅད་མི་ཚོའི་མིང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་བཏོན་ཡོད་པའི་ནང་སྲོག་ཐོག་གི་ཉེས་ཆད་བཅད་པ་མང་ཆེ་བ་ཡུ་གུར་མི་རིགས་ཡིན་པ་རེད་ ད་ལོ་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་འམ་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་ཡུ་གུར་མི་རིགས་དང་ས་གནས་དེའི་ནང་གི་རྒྱ་མི་རིགས་ཚོའི་དབར་འཁྲུག་ཟིང་བྱུང་ནས་རྒྱ་ནག་གཞུང་གིས་བརྗོད་པར་གཞིགས་ན་མི་གྲངས་ཉིས་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་མི་གྲངས་༡༦༠༠ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་བརྗོད་ཀྱི་ཡོད་ཅིང་དོན་རྐྱེན་དེའི་རྗེས་རྒྱ་ནག་གཞུང་གིས་ས་གནས་ཡུ་གུར་མི་རིགས་འཕོན་ཆེ་འཛིན་བཟུང་བྱས་ནས་ཁོང་ཚོར་རིམ་བཞིན་ཁྲིམས་ཐག་ཉེས་ཆད་གཅོད་ཀྱི་ཡོད་པ་དང་ཡིན་ནའི་ཡུ་གུར་མི་རིགས་ལ་ཁ་གཏད་ཀྱི་དྲག་ཟིང་སློང་མཁན་གཅིག་མཚུངས་རྒྱ་མི་རིགས་འཛིན་བཟུང་བྱེད་ཡས་ཀྱི་གྲངས་འབོར་ཡུ་གུར་མི་རིགས་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན་པ་ཕྱི་ཕྱོགས་སུ་ཡོད་པའི་ཡུ་གུར་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གསུང་གི་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎