རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བོད་པའི་དངོས་ཟོག་གི་འགྲེམས་སྟོན།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་གྱི་དངོས་ཟོག་སྣ་ཚོགས་ཀྱི་འགྲེམས་སྟོན།

2010.10.02

༄༅༎རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྡ་ཧིན་རྡུ་The Hinduཞེས་པས་ཟླ་བ་འདིའི་ཚེས་༡ཉིན་ལྡི་ལི་ནས་སྤེལ་བའི་གནས་ཚུལ་ལྟར་ན་ བཙན་བྱོལ་བོད་མིའི་ཚོང་ལས་མཐུན་ཚོགས་ཀྱིས་ཉེ་ཆར་རྒྱ་གར་གྱི་རྒྱལ་སའི་ཉེ་འཁྲིད་ས་ཀེཏ་ནང་གི་DLF Placeཟེར་བའི་འགྲེམས་སྟོན་ཁང་གི་ནང་བོད་ཆུང་ཆུང་Little Tibetཞེས་མིང་བཏགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་གྱི་དངོས་ཟོག་སྣ་ཚོགས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད་

འགྲེམས་སྟོན་དེའི་དམིགས་ཡུལ་ནི་བོད་མིའི་སྒྱུ་རྩལ་གྱི་རྣམ་དཔྱོད་ལས་སྐྲུན་པའི་དངོས་པོ་དེ་དག་འཚོང་འགྲེམས་བརྒྱུད་དར་སྤེལ་གཏོང་ཐབས་ཡིན་པ་རེད་ འགྲེམས་སྟོན་དེའི་ནང་ལག་ཤེས་དང་སྐུ་ཐང་སོགས་རི་མོའི་སྒྱུ་རྩལ་གྱི་ཐོན་སྐྱེད་དང་ བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གཞིར་བཟུང་གི་ སྨན་རྩའི་རིགས་ལས་བཟོས་པའི་གསོལ་སྨན་དང་ བསང་དང་ སྤོས་ རུམ་གདན་ རྫས་སྦྱོར་བྱས་པ་ལས་བཟོས་པ་མ་ཡིན་པར་རང་བཞིན་གྱི་ཟས་རིགས་ དེ་བཞིན་མགྲོན་ཁང་དང་ཡུལ་བསྐོར་སྤྲོ་འཆམ་ཁེ་ལས་ཞབས་ཞུ་སོགས་ཀྱི་ལས་རིགས་ཁག་ཀྱང་འགྲེམས་སྟོན་བྱས་ཡོད་པ་རེད་

དམིགས་བསལ་ཅན་གྱི་ལག་ཤེས་ཐོན་སྐྱེད་འགྲེམས་སྟོན་གནང་མཁན་གཅིག་ནི་Tara Tibet Beadsཟེར་བས་Muranoཞེས་པའི་ཤེལ་གྱི་རིགས་ལས་བཟོས་པའི་ཕྲེང་བ་འདྲ་མིན་སྣ་ཚོགས་དང་ བཞུགས་སྒར་རྡ་རམ་ས་ལིའི་ཉེ་འཁྲིས་ནོར་བུ་གླིང་གའི་བཟོ་བཀོད་དང་ Potala Publications ཞེས་པས་བོད་དང་བོད་མིའི་རིག་གཞུང་སྐོར་དཔེ་དེབ་སྣ་ཚོགས་ཡང་རྒྱ་གར་བ་དང་ཕྱི་རྒྱལ་གྱི་མི་རིགས་ཚོར་འགྲེམས་སྟོན་གནང་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎