རྒྱ་གར་གྱི་རྒྱལ་སར་བོད་ཆུང་ཆུང་ཞེས་པའི་ཁྲོམ་རའི་འགྲེམས་སྟོན།

རྒྱལ་ས་ལྡི་ལིའི་ནང་བོད་ཆུང་ཆུང་ཞེས་པའི་ཁྲོམ་རའི་འགྲེམས་སྟོན་ཞིག་བཙན་བྱོལ་བོད་གཞུང་གི་བཟོ་ཚོང་ལྷན་ཁང་གིས་གོ་སྒྲིག་གནང་འདུག

2010.10.01

༄༅༎ད་རེས་རྒྱ་གར་ལྡི་ལིའི་སའར་ཀེཏ་ཞེས་པའི་ས་གནས་དེའི་ཁུལ་དུ་ཚོང་ཟོག་གི་འགྲེམས་སྟོན་ཉིན་གསུམ་ཞིག་བཏོན་ཡོད་པ་དེའི་སར། བོད་ཆུང་ཆུང་ཞེས་པའི། ཁྲོམ་རའི་འགྲེམས་སྟོན་ཞིག་བཙན་བྱོལ་བོད་གཞུང་གི་བཟོ་ཚོང་ལྷན་ཁང་གིས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཁུལ་གྱི་ནོར་གླིང་ལག་ཤེས་བཟོ་གྲ་དང་དཔལ་འབྱོར་དཔར་བསྐྲུན་ཁང་སོགས་ཀྱིས་མཉམ་བཞུགས་གནང་ཡོད་པ་རེད།

ཚོང་འགྲེམས་དེའི་སར།་དངོས་ཟོག་གཙོ་བོ་ནི་བོད་ཀྱི་ཐོུང་མ་ཡིན་པའི་ལག་ཤེས་བཟོ་ལས་ཀྱི་དངོས་ཟོག་ཐོན་སྐྱེས་མང་པོ་འགྲེམས་བཤོམས་བྱས་ཡོད་པ་རེད།

དེ་ཚོའི་ནང་བོད་ཀྱི་ཤིང་བཟོའི་ནང་ཆས་དང། རུམ་གདན་དང་ཟ་ཆས། གཟིམ་སྤོད་ལ་སོགས་པའི་མཆོད་པའི་ཡོ་བྱད། གསོ་བ་རིག་པའི་བོད་སྨན་དང་གཞན་ཡང་འཕྲོད་བསྟེན་གྱི་དངོས་ཟོག་མང་པོ་ཡོད་པ་རེད། གཞན་ཡང་ཕོ་མོའི་རྒྱན་ཆ་དང་གྱོན་གོས་སོགས་དང་ཤེས་རིག་གི་དེབ་འདྲ་མིན། དེ་བཞིན་ཟ་ཁང། མགྲོན་ཁང་དང་ཡུལ་བསྐོར་སྤྲོ་འཆམ་སོགས་བོད་ཀྱི་ཐོུང་མ་ཡིན་པའི་དངོས་ཟོག་ཐོན་སྐྱེས་ཀྱི་ཐོག་སྤྱིར་ཐོུང་གིས་རྣམ་ཀུན་རྒྱུན་དུ་བེད་སྤྱོད་པའི་དངོས་རིགས་སྣེ་མང་ཡོད་པ་དེ་ཚོ་ཚན་རིག་རྫས་འགྱུར་གྱི་ཆ་ནས་མིའི་གཟུགས་གཞིར་གནོད་འཚེ་མེད་པའི་དངོས་ཟོག་སོགས་རྣམ་གྲངས་མང་པོ་འགྲེམས་སྟོན་གནང་ཡོད་པ་རེད་

ཐེངས་འདིའི་ལྡི་ལིའི་བོད་ཆུང་ཆུང་ཞེས་པའི་ཚོང་ལས་ཁྲོམ་རྭའི་འགྲེམས་སྟོན་དེ་བརྒྱུད་བོད་ཀྱི་བཟོ་ཚོང་ཐོན་སྐྱེས་ཕྱིར་ཚོང་བྱ་རྒྱུ་སོགས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཐུབ་ཡོད་པ་དང་ས་གནས་མི་མང་གིས་ཀྱང་བོད་ཀྱི་དངོས་ཟོག་ཐོན་སྐྱེས་ལ་དགའ་སྣང་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎