བལ་ཡུལ་གྱི་གངས་རི་འཛེགས་མཁན་གར་སོང་ཆ་མེད་དུ་གྱུར་བ།

བལ་ཡུལ་གྱི་གངས་རིར་འཛེགས་མཁན་སྐད་གྲགས་ཆེ་ཤོས་ཤིག་ཁ་སང་གངས་རུད་འོག་གར་སོང་ཆ་མེད་དུ་གྱུར་བཞག།

2010.10.24

༄༅༎བལ་ཡུལ་གྱི་གངས་རིར་འཛེགས་མཁན་སྐད་གྲགས་ཆེ་ཤོས་ཤིག་ཁ་སང་གངས་རུད་འོག་གར་སོང་ཆ་མེད་དུ་གྱུར་བཞག དེ་ཡང་གངས་རི་ཇོ་མོ་གླང་མའི་སྟེང་ཐེངས་༡༩ཙམ་འཛེགས་པའི་ཉམས་མྱོང་ཡོད་པའི་རང་ལོ་༤༣ལ་སོན་པ་བལ་པོ་ཆོས་དབང་ཉི་མ་ཞུ་བ་ཁོང་དབྱིན་ཇིའི་གངས་འཛེགས་རུ་ཁག་ཞིག་མཉམ་མཐོ་ཚད་མི་ཊར་༧༡༢༩ཙམ་ཡོད་པའི་གངས་རི་སྦ་རུན་ཚེ་སྟེང་འཛེགས་སྐབས་རེས་གཟའ་སྤེན་པའི་ཉིན་གངས་རུད་བརྒྱབ་ཏེ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་བཞག

གངས་རུད་དེ་ནི་ཧ་ཅང་ཤུགས་ཆེན་པོ་ཞིག་ཡིན་སྟབས་གངས་རུད་དང་རླུང་གིས་ཁོ་པ་འཁྱེར་ཕྱིན་པ་ཡིན་ལུགས་ཤར་པའི་གངས་འཛེགས་ཚོགས་པའི་མི་སྣ་ཇི་ལྦན་གི་མེར་ཞུ་བས་གསུངས་བཞག ཁོང་འཚོལ་ཞིབ་ཆེད་གནམ་ཐོག་ནས་ཧེ་ལི་ཀོབ་ཊར་གནམ་གྲུའི་ནང་ནས་འཚོལ་བཞིན་ཡིན་པ་དང་ གངས་འཛེགས་རུ་ཁག་དེའི་མི་གཞན་རྣམས་ནི་བདེ་ཐང་ཡིན་འདུག བལ་པོའི་མི་རིགས་ཨ་པ་ཤར་པས་གངས་རི་ཇོ་མོ་གླང་མར་ཐེངས་༢༠འཛེགས་ཏེ་སྐད་གྲགས་ཆེ་ཤོས་དེ་ཡིན་པ་དང་ དེ་རྗེས་སྐད་གྲགས་ཆེ་ཤོས་གཉིས་པ་དེ་ཆོས་དབང་ཉི་མ་ལགས་ཁོང་ཡིན་འདུག འཛམ་གླིང་ནང་ནས་གངས་རི་མཐོ་ཤོས་བརྒྱད་ཙམ་ཡོད་པའི་བལ་ཡུལ་ནང་ལོ་ལྟར་འཛམ་གླིང་ས་ཕྱོགས་གང་ས་ནས་མི་མང་པོ་ཞིག་གངས་རིར་སྟེངས་འཛེགས་ཆེད་ཡོང་གི་ཡོད་པ་རེད། ཕྱི་ལོ་༡༩༥༣ལོར་བལ་ཡུལ་གྱི་གངས་རིའི་སྟེང་མི་འཛེགས་ཡག་འགོ་འཛུགས་བྱས་པ་ནས་བཟུང་ད་བར་མི་གྲངས་༢༥༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎