རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་གོ་བསྒྲིགས།

རྒྱ་གར་ལྷོ་ཕྱོགས་ཁུལ་བོད་མི་ཚོས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་ཞིག་གོ་བསྒྲིགས་ཞུས་ཡོད་འདུག

2009.11.20

༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་དང་ལྷོ་གཞིས་ལས་ཁུངས་གཉིས་ཐུན་མོང་གི་ཐོག་ནས་གོ་བསྒྲིགས་གནང་བའི་འོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་ནང་འདི་ཚེས་ཉི་ཤུ་གཉིས་ནས་བཞི་བར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་ཞིག་ཚུགས་གནང་གི་ཡོད་འདུག་པ་དེ་ནི་རྒྱ་གར་གཞུང་ལ་བོད་མི་ཚོར་འདས་པའི་ལོ་ངོ་ལྔ་བཅུའི་རིང་སྐྱབས་བཅོལ་གྱི་མཐུན་འགྱུར་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་མཚོན་དོན་ཞིག་ཡིན་པ་རེད།

དུས་སྟོན་དེའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་ཀར་ན་དྲ་ཀའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེན་དར་བ་བྗུ་མཆོག་ནས་གནང་གི་ཡོད་འདུག ཉིན་གྲངས་གསུམ་གྱི་དུས་སྟོན་དེའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་ལག་རྩལ་ཕྱི་རྒྱལ་ནས་བཟོ་བཀོད་བྱས་པས་༧གོང་ས་མཆོག་གི་མཛད་རྣམ་དང་གཞན་ཡང་བོད་དང་འབྲེལ་བའི་གློག་བརྙན་རིགས་ཅིག་བཏོན་གནང་འཆར་ཡོད་པ་རེད། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་དང་བོད་ཁྱིམ་སློབ་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་ལྷག་པར་དུ་བོད་ཀྱི་གནད་དོན་ཐོག་མཁས་དབང་ཁག་ཅིག་གདན་ཞུས་ཐོག་བགྲོ་གླེང་གནང་རྒྱུས་མཚོན་བོད་ཀྱི་རིག་གཞུང་ཁྱབ་སྤེལ་གནང་རྒྱུ་ཡིན་འདུག་ལ་དེ་སྔ་བོད་མི་ཚོ་རྒྱ་གར་ས་ཐོག་འབྱོར་བ་ནས་བཟུང་བརྙན་པར་དང་འདྲ་པར་སོགས་ཀྱང་གཟིགས་འབུལ་ཞུ་འཆར་ཡོད་པ་རེད། རྩ་བའི་འདི་ལོ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་ཐམ་པ་འཁོར་གྱི་ཡོད་པའི་དུས་དྲན་དང་ལྷག་པར་དུ་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་ཕྱི་ཟླ་གསུམ་པ་ནས་བཟུང་མུ་མཐུད་ནས་རྒྱ་གར་གྱི་ས་ཕྱོགས་གང་སར་གནང་དང་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎