བོད་ནང་བོད་མི་ཞིག་གིས་རང་ཉིད་ལ་གྲི་བརྒྱབ་ཡོད་པ།

བོད་མི་བསོད་ནམས་དབང་འདུས་ལགས་ཀྱིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་མཚོན་ཆེད་རང་ཉིད་ཀྱི་ལུས་ལ་གྲི་བརྒྱབ་ཡོད་འདུག

2009.07.31

༄༅༎བོད་སྨར་ཁམས་རྫོང་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོག་ཐབས་སུ་ས་གནས་མི་མང་གི་ལས་འགུལ་གྱི་འགོ་ཁྲིད་བསོད་ནམས་དབང་འདུས་ལགས་ཀྱིས་ཁ་སྔོན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་རང་ཉིད་ཀྱི་ལུས་ལ་གྲི་བརྒྱབ་ནས་ཁོང་སྨར་ཁམས་རྫོང་གི་སྨན་ཁང་དུ་སྨན་བཅོས་སུ་བསྐྱལ་ཡོད་ཀྱང་སྨན་བཅོས་བྱེད་མ་ཐུབ་པར་ད་ཆ་རྒྱ་ནག་ནང་སྨན་བཅོས་སུ་བསྐྱལ་ཡོད་འདུག

འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བར་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བཞི་ཉིན་གྱི་དགོངས་དྲོའི་ཚོུད་གཉིས་པའི་ཐོག་བསོད་ནམས་དབང་འདུས་ལགས་སྨར་ཁམས་རྫོང་སྨན་ཁང་ནས་རྒྱ་ནག་གྲན་ཏུའི་སྨན་ཁང་ཞིག་ཏུ་སྨན་བཅོས་སུ་བསྐྱལ་ཡོད་པ་དང་ད་ལྟའི་ཆར་བསོད་ནམས་དབང་འདུས་ལགས་ཀྱི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་དང་ཁོང་རྒྱ་ནག་གྲན་དུའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་སྨན་བཅོས་གང་འདྲ་བྱུང་ཡོད་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོག་མེད་པ་རེད།

བསོད་ནམས་དབང་འདུས་ལགས་ཀྱིས་རང་ཉིད་ཀྱི་ལུས་ལ་གྲི་བརྒྱབ་དགོས་པའི་དགོས་དོན་ཡང་ཁ་སྔོན་རྒྱ་ནག་གཞུང་གིས་སྨར་ཁམས་ས་གནས་ནང་གཏེར་ཁ་སྔོག་འདོན་བྱ་རྒྱུར་ས་གནས་བོད་མི་ཚོས་ཤུགས་ཆེའི་ངོ་རྒོལ་འོག་རྒྱ་ནག་གཞུང་གིས་མ་འོངས་ས་གནས་དེའི་ནང་ཡོད་པའི་གསེར་དངུལ་ལོ་ལ་ཟེར་བའི་རི་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུ་མིན་པ་ཡིག་ཐོག་ནས་ཁས་ལེན་བྱས་ཡོད་ན་ཡང་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བཞི་ཉིན་སྨར་ཁམས་རྫོང་གི་འགོ་ཁྲིད་སངས་རྒྱས་ཟེར་བ་དེ་གཙང་བཤད་ཆུས་ནང་ལ་ཡོང་སྟེ་ཁ་སྔོན་གྱི་ཐག་གཅོད་དེ་འགྲིག་མེད་ལུགས་བཤད་ནས་བསྐྱར་དུ་གཏེར་ཁ་སྔོག་འདོན་བྱ་རྒྱུའི་འདོད་ཚུལ་བཏོན་པར་བརྟེན་གཏེར་ཁ་སྔོག་འདོན་འགོག་ཐབས་སུ་ས་གནས་མི་མང་གི་ལས་འགུལ་དེའི་འགོ་ཁྲིད་བསོད་ནམས་དབང་འདུས་ལགས་ཀྱིས་ཚོགས་འདུའི་ཐོག་ཡར་ལངས་ནས་ཁ་སྔོན་མི་བརྒྱ་གྲངས་མང་པོའི་མདུན་ཡིག་ཆ་བཞག་ནས་ཁས་ལེན་བྱས་པར་ཆ་འཇོག་མ་བྱས་པ་དེ་ནི་ཁྱོད་ཚོ་མི་ཐ་ཤལ་ཡིན་པར་མཚོན་ཐུབ་པ་ཞིག་ཡིན་པའི་ཁ་རྡུང་བཏང་བ་དང་འབྲེལ་རང་ཉིད་ཀྱི་ལུས་སུ་གྲི་བརྒྱབ་སྟེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།

གནས་ཚུལ་དེ་བྱུང་བའི་རྗེས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཁ་སྔོན་གྱི་ཐག་གཅོད་བྱུང་བ་བཞིན་མུ་མཐུད་གནས་རྒྱུ་ཡིན་ལུགས་ཁས་ལེན་བྱས་ཡོད་པ་འབྲེལ་ཡོད་མི་སྣས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎