བོད་ནང་རི་ལིའི་ལག་འཁྱེར་ཉོ་བར་ངོ་སྤྲོད་ལག་འཁྱེར་སྟོན་དགོས།
2011.12.28
༄༅༎ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་བ་༡ཚེས་༧་ནས་བཟུང་བོད་ནང་བསྐྱོད་རྒྱུའི་རི་ལིའི་ལག་འཁྱེར་ཉོ་སྐབས་རང་ཉིད་ངོ་ཐག་ཆོད་པའི་ལག་འཁྱེར་སྟོན་དགོས་རྒྱུའི་སྲིད་བྱུས་གཏན་འབེབས་བྱས་ཡོད་འདུག ལྷ་སའི་རི་ལིའི་འབབ་ཚུགས་ཀྱི་ཉེན་རྟོག་པས་དེ་རིང་གཟའ་ལྷག་པའི་ཉིན་བརྗོད་པར་གཞིགས་ན། བོད་ནང་བསྐྱོད་མཁན་གྱི་འགྲུལ་པ་ཚོས་རི་ལིའི་ལག་འཁྱེར་ཉོ་བའི་སྐབས་དང་། དེ་བཞིན་རི་ལིའི་ནང་འཛུལ་སྐབས་ལ་རང་ཉིད་ངོ་ཐག་ཆོད་པའི་ལག་འཁྱེར་སྟོན་དགོས་ཀྱི་ཡོད་པ་དང༌། གལ་སྲིད་རི་ལིའི་ནང་འཛུལ་བའི་སྐབས་རི་ལིའི་ལག་འཁྱེར་དང་མི་དངོས་གཉིས་གཅིག་འཚུངས་མིན་ཚེ་རི་ལིའི་ནང་བསྐྱོད་མི་ཆོག་པ་དང་། རི་ལིའི་ལག་འཁྱེར་ཉོ་བའི་སྐབས་རང་ཉིད་ངོ་ཐག་ཆོད་པའི་ལག་འཁྱེར་བསྟན་རྒྱུ་དེས་རི་ལིའི་ནང་འགྲུལ་བཞུད་བྱེད་པའི་སྐབས་དང་ལྷག་པར་དུ་ཕྱི་ཟླ་༢ཚེས་༢༢ནས་༢༨ཙམ་བར་དུས་ཆེན་གྱི་འགྲུལ་ཞུད་བྱེད་མཁན་ཧ་ཅང་མང་པོའི་སྐབས་བར་ཚོང་རྒྱབ་མཁན་གྱིས་ལག་འཁྱེར་སྔོན་ནས་ཉོས་སྟེ་འགྲུལ་བཞུད་བྱེད་མཁན་མང་བའི་སྐབས་རིན་གོང་ཆེན་པོ་བྱས་ནས་གཙོང་གི་ཡོད་པའི་གནས་སྟངས་དེ་འགོག་ཐབས་སུ་ཕན་ཐོག་ཡོང་རྒྱུ་ཡིན་ལུགས་བོད་ཀྱི་རི་ལིའི་ལྕགས་ལམ་ཉེན་རྟོག་པས་འགྲེལ་བརྗོད་བྱས་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱིས་ལུང་དྲེན་བྱས་ནས་གནས་ཚུལ་སྤེལ་འདུག