རྡ་སར་རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་ཉིན་མོ་སྲུང་བརྩི་ཞུ་རྒྱུ།

བོད་ཀྱི་ཁོར་ཡུག་སྐྱོབ་ཐབས་སུ་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་ཉིན་མོ་སྲུང་བརྩི་གནང་རྒྱུ་རེད་འདུག

2009.10.17

༄༅༎རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་ཁོར་ཡུག་ཐོག་གནོད་སྐྱོན་ཆེན་པོ་ཡོང་རྒྱུའི་ཉེན་བརྡ་བཏང་བའི་གནས་སྟངས་འོག་ནས་བོད་སྐྱོབ་ཐབས་སུ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་གནང་བའི་བོད་པའི་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཁང་དང་སྒྲིག་འཛུགས་ཁག་ཅིག་ཟུང་སྦྲེལ་གནང་བའི་ཐོག་ནས་ཟླ་བ་འདིའི་ཚེས་ཉི་ཤུ་བཞི་ཉིན་རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་ཉིན་མོ་སྲུང་བརྩི་གནང་རྒྱུ་རེད་འདུག

བོད་མཐོ་སྒང་དུ་འདས་པའི་ལོ་མང་རིང་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་པའི་རྐྱེན་གྱིས་བོད་ནང་གི་འཁྱགས་རོམ་བཞུར་ཚད་མྱུར་དུ་ཕྱིན་པ་དང་རྩ་ཐང་ཁག་རིམ་བཞིན་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་དེ་ཚོས་ཆུ་ལོག་དང་སྐམ་ཐེན་ ནད་ཡམ་སོགས་རང་བཞིན་འབྱུང་བའི་གནོད་འཚེ་མང་དུ་འགྲོ་གི་ཡོད་སྐོར་ཚན་རིག་མཁས་པ་དང་གནམ་གཤིས་བརྟག་དཔྱད་པ་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་ཉིན་མོ་དེ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང་གི་ཁོར་ཡུག་ཚན་པ་དང་རྡ་རམ་ས་ལ་བདེ་དོན་ལས་ཁུངས་ཀྱི་རྡ་ས་གཙང་གྲུའིལས་འཆར་དང་ཏི་སིའི་ཁོར་ཡུག་སྲུང་སྐྱོབ་ཁང་བཅས་ཟུང་སྦྲེལ་གྱི་ཐོག་ནས་གོ་སྒྲིག་གནང་རྒྱུ་ཡིན་པ་དང་ཕྱི་ཚེས་ཉི ཤུ་བཞི་སྔ་དྲོ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་མེཀ་ལོདྲ་གན་ཇི་བོད་ཕྲུག་ཁྱིམ་སྡེའི་ཉིན་སློབ་ཁང་དུ་རྒྱལ་སྤྱིའི་གནམ་གཤིས་ལས་འགུལ་གྱི་ཉི་མོ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་པར་དང་རི་མོའི་འགྲེམས་སྟོན་གནང་རྒྱུ་དེ་བཞིན་དགོང་དྲོ་མེཀ་ལོདྲ་གན་ཇི་སྤྱི་ཁང་དང་ཁོར་ཡུག་ཐོག་བགྲོ་གླེང་དང་དེ་རྗེས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་གློག་བརྙན་ཞིག་སྟོན་གནང་རྒྱུའི་འཆར་གཞི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎