ཨ་མདོ་རྔ་པ་ཁུལ་ལོ་གསར་མ་བཏང་བར་ཞི་རྒོལ་སྤེལ་བ།

མདོ་སྨད་ཨ་མདོ་རྔ་པའི་ནང་ཁ་ས་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་བོད་མི་ཚོས་ལོ་གསར་མ་བཏང་བར་འཚེ་མེད་ཞི་རྒོལ་གྱི་ལས་འགུལ།

2010.02.15

༄༅༎མདོ་སྨད་ཨ་མདོ་རྔ་པའི་ནང་ཁ་ས་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་བོད་མི་ཚོས་ལོ་གསར་མ་བཏང་བར་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ ལས་འགུལ་རྣམ་པར་མངོན་པ་ཞིག་སྤེལ་ཏེ་རྒྱ་ནག་གཞུང་གི་བོད་ནང་དྲག་པོའི་བཙན་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་ཤུགས་ཆེ་ཞིག་གནང་ཡོད་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ ལོ་གསར་ཚེས་གཅིག་གི་ཉིན་དགེ་འདུན་པ་དང་མང་ཚོགས་བཅས་མི་མང་༤༠༠་ལྷག་པས་རྔ་པའི་ཁྲོམ་གཞུང་དུ་འདུ་འཛོམས་ཀྱིས་ཞལ་འདོན་དབུ་བཙུགས་དང་སྦྲགས་ ལོ་གསར་གྱི་ཞལ་གཏོགས་ཀྱི་ཚབ་རྩམ་པ་སྐམ་པོ་བསྒམ་སྟེ་སྔ་ལོ་༢༠༠༨དང་༢༠༠༩བཅས་སུ་རྒྱ་ནག་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་བའི་བོད་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོའི་མྱ་ངན་ཞུས་ཡོད་འདུག

ངོ་རྒོལ་ནང་བཞུགས་མཁན་གྱི་དགེ་འདུན་པ་རྣམས་ནི་རྔ་པ་ཀིརྟི་དགོན་པ་དང་བསེ་ཉིད་དགོན་པ་ནས་ཡིན་པ་དང་ ཀི་རྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་བདུད་འདུལ་སྤྲུལ་སྐུ་བཅས་ཀྱིས་དགེ་འདུན་པ་རྣམས་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གིས་གྲྭ་ཚང་ལ་ཕྱིར་ལོག་ཡོང་བའི་རེ་འདུན་བཏོན་ཀྱང་དགེ་འདུན་པ་རྣམས་ཀྱིས་གསན་འཇོག་གནང་མེད་པ་དང་ རྗེས་སུ་དགེ་འདུན་པ་རྣམས་གང་ལྟར་ཅི་ནས་དགོན་པར་ཕྱིར་ལོག་དགོས་པའི་བཙན་བཀའ་བྱུང་མཚམས་སེར་སྐྱ་མང་ཚོགས་མང་པོ་ཞིག་གིས་མུ་མཐུད་ཞི་བའི་ངོ་རྒོལ་ནང་མཉམ་བཞུགས་ཀྱིས་ངོ་རྒོལ་གནང་ཡོད་འདུག གནས་ཚུལ་ཐོན་ཁོངས་ལ་གཞིགས་ན་རྒྱ་ནག་གཞུང་གི་ཉེན་རྟོག་པ་སྟོང་ཕྲག་ལྷག་གིས་བོད་མི་ཚོ་མཐའ་བསྐོར་གྱིས་མང་ཚོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་མ་འགྲོ་བའི་ཆེད་དམ་བསྒྲགས་དང་དེ་བཞིན་ངོ་རྒོལ་གྱི་གནས་ཚུལ་དང་འདྲ་དཔར་བཅས་པ་ཕྱི་བསྒྲགས་མི་ཡོང་བའི་ཆེད་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་བོད་མི་ཚོའི་ལག་དཔར་འཁྱེར་བྱེད་ཁ་དཔར་སོགས་བཙན་ཁྲོག་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎