ཨ་མདོ་ཁུལ་དུ་བོད་མི་ཚོས་ལོ་གསར་སྲུང་བརྩི་བྱས་མེད་པ།
2012.02.04
༄༅༎མདོ་སྨད་ཨ་མདོ་ཁུལ་གྱི་བོད་མི་རྣམས་ཀྱིས་ནམ་རྒྱུན་སྲུང་བརྩི་ཞུ་སྲོལ་ཡོད་པའི་ལོ་གསར་དེ། འདི་ལོ་ཕྱི་ཟླ་དང་པོའི་ནང་རྒྱ་མིའི་ལོ་གསར་དང་མཉམ་དུ་འཁེལ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་འདི་ལོའི་ལོ་གསར་དེ་སྔར་རྒྱུན་དང་མི་འདྲ་བའི་སྲུང་བརྩི་རྒྱས་པོ་ཞུ་དགོས་པའི་བཀའ་ཁྱབ་བཏང་ཡོད་ཀྱང༌། མདོ་སྨད་ཁུལ་གྱི་མཚོ་ལྷོ་དང༌། མགོ་ལོག། རྨ་ཆུ་བཅས་སུ་གནས་སྡོད་བྱེད་མཁན་བོད་མི་ཚོས་འདི་ལོའི་ལོ་གསར་སྲུང་བརྩི་གནང་མེད་པ་མ་ཟད། ལོ་གསར་གྱི་འགྲོ་གྲོན་རྣམས་དགོན་སྡེ་ཁག་ཏུ་མཆོད་འབུལ་ཞུ་རྒྱུར་བེད་སྤྱོད་བཏང་ཡོད་པ་རེད༎