ལྷ་ས་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་དགའ་བསུ།
2011.04.30
༄༅༎ད་རེས་བཙན་བྱོལ་བོད་གཞུང་གི་འོས་བསྔུ་ལྷན་ཁང་གིས། སྤྱི་ཟླ་ ༤ ཚེས་ ༢༧ ཉིན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་མང་མོས་ཀྱི་རྒྱལ་ཁ་ཐོབ་པའི་གནས་ཚུལ་གསལ་བསྒྲགས་གནང་སྐབས་ས་ཕྱོགས་གང་སར་གནས་པའི་བོད་རིགས་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཐོག་ལའང་དོ་སྣང་ཆེན་པོ་ཞིག་བྱས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་མི་མང་ཚོས་གནས་ཚུལ་འགྲེལ་བརྗོད་གནང་བར་དེ་ཉིན་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་ལག་བསྟར་བྱས་ཡོད་ཀྱང་། གང་ལྟར་མི་མང་ཚོས་རྣམ་འགྱུར་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས། བོད་གཞུང་གི་བཀའ་བློན་ཁྲི་པ་གསར་འདེམས་བྱུང་བར་དགའ་བསུའི་བསངས་གསོལ་ཞུས་པ་དང་གྱོན་གོས་གཟབ་སྦྱོར་སྤྲས་པ་དང་ཚོང་ཁང་སྒོ་རྒྱབ་པ་སོགས་ཀྱི་རྟེན་འབྲེལ་དགའ་མོས་ཞུས་ཡོད་པའི་གནས་ཚུལ་ཞིག འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་འགྲེལ་བརྗོད་གནང་ཡོད་འདུག།