ཁམས་ཕྱོཊ་སུ་བོད་མི་ཚོས་ཞུ་གཏུཊ་ཀྱི་ལས་འགུལ་སྤེལ་བ།

ཁམས་ཕྱོཊ་སུ་བོད་མི་ཚོས་ཞི་བའི་ཞུ་གཏུཊ་ཀྱི་ལས་འགུལ་སྤེལ་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ།

2009.12.07

༄༅༎བོད་ཀྱི་ཁམས་ཉག་ཆུ་ཁའི་ས་ཁུལ་དུ་བོད་མི་རྣམས་ཀྱིས་ཞི་བའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་མཁན་བོད་རིགས་བདུན་བཅུ་ལྷག་ཙམ་ཉག་ཆུ་ཁའི་རྗོང་ནས་ལེ་དབར་བཞིའི་མཚམས་སུ་ཡོད་པའི་རྒྱ་ནག་གི་བཙོན་ཁང་གསར་པའི་ནང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

ཕྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་དང་དྲུག་གི་ཉིན་བོད་ཀྱི་ཁམས་ཉག་ཆུ་ཁའི་རྫོང་གི་ས་ཁུལ་ཡིན་པའི་ཨོ་ཐོག་དང་མགོ་ལོག་ས་གཉིས་ནས་ཡིན་པའི་བོད་རིགས་ན་གཞོན་དྲུག་བཅུ་ཙམ་གྱིས་རྫོང་ཐོག་ཏུ་ཕྱིན་ནས།རྒྱ་ནག་གིས་འཛིན་བཟུང་བཀག་ཉར་འོག་ཏུ་གནས་བཞིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པ་ཆེ་མཆོག་གློད་འགྲོལ་གཏང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།ཡིན་ནའང་རྒྱ་ནག་གི་དཔོན་རིགས་ཚོས་ཁོང་རྣམས་ཀྱི་ཞུ་གཏུགས་ལ་ཉན་འཇོག་བྱས་མེད་པ་མ་ཟད།ཉེས་རྡུང་ཚབས་ཆེ་བཏང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་།ཁོང་རྣམས་ཀྱི་མོ་ཊར་སྦག་སྦག་གཏོར་སྐྱོན་་བཏང་ནས་དམག་མིའི་སྣུམ་འཁོར་ནང་བཅུག་ནས་བཙན་འཕྲོག་བྱས་ཡོད་པ་རེད།

དེ་ཡང་ཞི་བའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་རིགས་ཤིག་གིས་ཨ་མི་རི་ཀའི་ནང་དུ་བཞུགས་མཁན་བོད་རིགས་ཤིག་ལ་གསུངས་དོན་ལྟར་ན།བོད་རིགས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དང་དེ་ཁོང་ནས་བོད་རིགས་དྲུག་བཅུ་ནས་བདུན་བཅུ་ཙམ་ཉག་ཆུ་ཁའི་རྗོང་ནས་ལེ་དབར་བཞི་མཚམས་སུ་རྒྱ་ནག་གིས་གསར་དུ་བརྒྱབ་པའི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་འགྲེལ་བརྗོད་གནང་འདུག

 ཕྱི་ལོ་ཉིས་སྟོང་གཉིས་ལོ་ནས་བཙོན་འཇུག་བྱས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་འགྲོལ་གཏང་དགོས་པའི་ཞུ་གཏུགས་ལས་འགུལ་ནང་ཉག་ཆུ་ཁའི་རྗོང་གི་ཁྱབ་ཁུངས་ཡིན་པའི་གོ་ལོག་དང་ཨོ་ཐོག་ས་ཁུལ་གཉིས་ནས་བོད་མི་ལྔ་བརྒྱ་ལྷག་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ལི་ཐང་དང་ཉག་ཆུ་ཁའི་ས་ཁུལ་དུ་རྒྱ་ནག་གིས་དམག་མི་འབོར་ཆེན་བཀྲམ་ཡོད་པ་བཅས་ཀྱི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎