བོད་མིའི་གོམ་བགྲོད་མུ་མཐུད་གནང་བཞིན་ཡོད་པ།

བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་བྱས་པའི་གོམ་བགྲོད་ནང་ཞུཊ་མཁན་གྱི་བོད་མི་རྣམས་ན་ནི་ཏལ་ལ་འབྱོར་བ།

2008.05.09

༄༅༎བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་བོད་བར་བསྐྱོད་མཁན་གྱི་གོམ་བགྲོད་གནང་མཁན་གྱི་བོད་མི་རྣམས་ཕྱི་ཚེས་བདུན་ཉིན་རྒྱ་གར་གྱི་ས་གནས་ ན་ནི་ཏལ དུ་འབྱོརཡོད་པ་དང༌། དེར་ཉིན་གྲངས་གཉིས་རིང་ངལ་གསོ་རྒྱབ་ཏེ་ད་རིང་སླར་ཡང་གོམ་བགྲོད་མུ་མཐུད

་འགོ་འཙུགས་གནང་ཡོད་པ་རེད། ན་ནི་ཏལ་ས་གནས་ནས་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༩༨ བྱུང་སྟེ་ཁྱོན་མི་དམངས་གོམ་བགྲོད་

གནང་མཁན་ ༣༡༣ ཡོད་ཅིང༌། ད་རིང་སྔ་དྲོ་ཕྱག་ཚོད་བདུན་པའི་ཐོག་གོམ་བགྲོད་འགོ་བཙུགས་ཏེ་ ན་ནི་ཏལ ས་གནས་ཀྱི་ཉེ་འཁྲིས་ ཀན་ཅི ཞེས་པའི་གྲོང་གསེབ་ནང་ད་རིང་དགོང་དྲོ་ངལ་གསོ་སྐྱོན་རྒྱུ་དང་། དེ་ནས་མུ་མཐུད་ ཨལ་མོ་རྰ ཞེས་པའི་ས་གནས་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་རེད།

བོད་མི་གོམ་བགྲོད་པ་རྣམས་ཉིན་གཉིས་རིང་ ན་ནི་ཏལ ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའི་མར་མེའི་ཁྲོམ་སྐོར་དང་།

སྨོན་ལམ་འདོན་པའི་བྱེད་སྒོའི་ནང་མཉམ་ཞུགས་གནང་བ་དང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བའི་ཐོག་བོད་ཀྱི་གནས་སྟངས་སྐོར་འདྲི་བ་འདྲི་ལན་ཡང་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུངས་པར། ད་ཆ་ང་ཚོ་བོད་ཀྱི་ས་མཚམས་དང་ཉེ་བར་སླེབས་ཀྱི་ཡོད་པ་བཞིན་གོམ་བགྲོད་པ་རྣམས་སླར་ཡང་སེམས་ཤུགས་འཕར་བ་དང༌། ལྷར་པར་དུ་བོད་ནང་གི་གཞིས་ལུས་བོད་མི་སྤུན་ཟླ་རྣམས་དང་མཉམ་ཞུགས་བྱེད་ནས། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་དང་དྲག་གནོན་བྱས་པའི་བྱ

་སྤྱོད་ལ། ཆིག་སྒྲིལ་ཐོག་ནས་ངོ་རྒོལ་གྱི་ནུས་པ་སྟོན་དགོས་པའི་བློ་ཐག་བཅད་ཡོད་པའི་སྐོར་གསུངས་ཡོད་པ་རེད། བོད་མི་གོམ་བགྲོད་པ་རྣམས་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་གོམ་བགྲོད་གནང་སྟེ་ཕེབས་པའི་སྐབས་ལམ་བར་གྱི་རྒྱ་གར་ས་གནས་སོ་སོའི་ཡུལ་མི་ཚོས་གདུང་སེམས་མཉམ་སྐྱེས་ཀྱི་རྒྱབ་སྐྱོར་གནང་སྟེ། བོད་མི་རྣམས་མུ་མཐུད་གོམ་བགྲོད་བྱ་རྒྱུར་བློ་སྟོབས་འཕར་བ་དང་ཕན་ཐོག་ཆེན་པོ་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎