བསྟན་འཛིན་ཕུན་ཚོགས་ལགས་འདས་གྲོངས་གྱུར་བ།

བསྟན་འཛིན་ཕུན་ཚོགས་ལགས་རང་ལུས་མེར་བསྲེག་བཏང་རྗེས་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད་པའི་སྐོར།

2011.12.09

༄༅༎བོད་ཆབ་མདོ་ཀརྨ་ཤང་དུ་སྐུ་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བསྟན་འཛིན་ཕུན་ཚོགས་ལགས་རང་ལུས་མེར་བསྲེག་བཏང་རྗེས་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག 
ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡ཉིན་ཆབ་མདོ་ཀརྨ་ཤང་དུ་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོརྒོལ་གནང་མཁན་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ ཕྱི་ལོ་༢༠༡༡ཟླ་བ་༡༢པའི་ཚེས་༦ཉིན་ཆབ་མདོ་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཡོད་པ་དང་ ས་གནས་འབྲེལ་ཡོད་ཀྱིས་ཁོང་གྲོངས་ཏེ་དེ་རིང་ཉིན་བཞི་འགྲོ་བཞིན་ཡོད་ཚུལ་བརྗོད་ནས་ དགོན་སྡེ་ཁག་ལ་བསྔོ་རྟེན་འབུལ་བཞིན་ཡོད་འདུག ཕྱི་ཚེས་༨ཉིན་བོད་མི་ཁག་ཅིག་སྨན་ཁང་དུ་ཕྱིན་ནས་ཁོང་གྲོངས་ཡོད་པའི་གནས་ཚུལ་འདུག་པ་ལྟར་ཕུང་པོ་རྩིས་སྤྲོད་དགོས་གནས་ཤོད་སྐབས་ འབྲེལ་ཡོད་སྨན་ཁང་གི་ལས་བྱེད་ནས་ཕུང་པོ་ནང་མི་ལ་སྤྲད་ཚར་ཟིན་སྐོར་བཤད་ཡོད་འདུག་ཀྱང་  དོན་དངོས་ཕུང་པོ་ད་དུང་རྩིས་སྤྲོད་བྱས་མིན་འདུག  
བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ལུས་པོ་མེར་བསྲེག་གཏོང་སྐབས་ ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཡོད་པ་ཉེ་འཁོར་གྱི་བོད་མི་རཙམ་མ་ཟད་ ལྷ་ས་ནས་ཁ་པར་གཏོང་མཁན་ཞིག་གིས་ཁ་པར་ནང་ནས་ཀྱང་གོ་ཐུབ་ཡོད་འདུག ད་དུང་གནས་ཚུལ་ཡོང་ཁུངས་ཁག་ཅིག་ལྟར་ན་ ཁོང་གི་བཟའ་ཟླ་ཡང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་ ནང་མི་གཞན་རྣམས་ལ་ཡང་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར་འཁོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎