བུ་ཕྲུག་ལགས་བལ་ཡུལ་ནས་ཉེན་གཡོལ་གྱིས་རྒྱ་གར་དུ་འབྱོར་བ།
2011.11.18
༄༅༎ཟླ་བ་འདིའི་ཕྱི་ཚེས་༡༠་ཉིན་བལ་ཡུལ་གྱི་མཆོད་རྟེན་ཆེན་མོའི་མདུན་རང་ལུས་མེར་བསྲེགས་བཏང་སྟེ་བོད་མི་གཞན་ཚོས་སྲོག་སྐྱོབ་ཐུབ་པའི་དགེ་འདུན་པ་བུ་ཕྲུག་ལགས་བལ་ཡུལ་ནས་ཉེན་གཡོལ་གྱིས་རྒྱ་གར་ནང་བྲོས་བྱོལ་འབྱོར་ཡོད་པ་དང་ ཁོང་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ འདི་གའི་གསར་འགོད་པར་བོད་ནང་རྒྱ་ནག་གཞུང་གིས་བོད་མིར་དེ་ལྟ་བུའི་དྲག་གནོན་བྱེད་པའི་ཁར་ བལ་ཡུལ་གཞུང་གིས་ཀྱང་བོད་མི་འགྲོ་འོང་ལ་དམ་བསྒྲགས་ཀྱི་བཀག་སྡོམ་བྱེད་བཞིན་པའི་སྤྱོད་ཚུལ་ལ་མ་བཟོད་པར་ ངོ་རྒོལ་མཚོན་ཆེད་རང་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེགས་བཏང་བ་ཡིན་ཞེས་གསུངས་ཡོད་པ་རེད་
བུ་ཕྲུག་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་གྱི་རྗེས་བལ་ཡུལ་གཞུང་གིས་ཁོང་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡོད་པར་སོང་ བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་ཕྱི་ནས་སྨན་པ་ཐབས་ཤེས་ཀྱིས་ཁོང་ལ་སྨན་བཅོས་རྗེས་ད་ཆ་ཁོང་རྒྱ་གར་ནང་ཕེབས་ཐུབ་པ་བྱུང་ཡོད་པ་རེད་