བོད་རྒྱའི་སྐུ་ཚབ་དབར་ཕྱི་ཟླ་༦པའི་ནང་གྲོས་མོལ་གནང་འཆར།

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་དུ་གྲོས་མོལ་གནང་འཆར་ཡོད་པ།

2008.05.18

༄༅༎བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྱུང་འགྱུར་འདི་ལོའི་ཕྱི་ཟླ་ པའི་ཟླ་དཀྱིལ་ཙམ་དུ་གྲོས་མོལ་གནང་འཆར་ཡོད་ལུགས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རེས་གཟའ་སྤེན་པའི་ཉིན་ སུད་ཝེ་ཌེན་ རྒྱལ་ས་ སི་ཀྲོག་ཧོམ་དུ་གསར་འགོད་པར་གསུངས་གནང་འདུག

ད་ལྟའི་ཆར་བོད་རྒྱའི་སྐུ་ཚབ་དབར་གྱི་གྲོས་མོལ་གནང་ཡུལ་དང་དུས་ཚེས་ངེས་གཏན་མེད་ཅིང་ རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་མི་སྣའི་བར་ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་བཀའ་བསྡུར་གནང་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པར་གཞིགས་ན་ བོད་རྒྱ་གཉིས་ཀྱི་སྐུ་ཚབ་དབར་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ནི་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་མཚམས་འཇོག་དང་བོད་རིགས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་འགྲོལ་གཏོང་ཕྱོགས་སྐོར་ཡིན་པར་གསུངས་གནང་འདུག བོད་ནང་རྒྱ་ནག་གི་ལྷིང་འཇགས་ཡོང་ཐབས་ཀྱི་སྲིད་བྱུས་བཟུང་གི་མེད་སྟབས་སླར་ཡང་བོད་མིའི་གྱེན་ལངས་ཡོང་ཉེན་ཡོད་པའི་བློ་འཚབ་ཡོད་ལུགས་བཀའ་ཁྲི་མཆོག་གིས་མུ་མཐུད་གསར་འགོད་པར་གསུངས་གནང་ཡོད་པ་རེད་ དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ཕྱི་ཟླ་ པའི་ཚེས་ ༡༥ ནས་ཚེས་ ༢༤ བར་སི་ཀྲོག་ཧོམ་དུ་བོད་ཀྱྱི་དུས་སྟོན་དང་བོད་རིགས་ཚོར་གསུང་བཤད་གནང་རྒྱུ་དང་ གྲོས་མོལ་ཀྱི་འཐུས་མི་རྣམས་མཇལ་འཕྲད་འཇར་མན་རྒྱལ་ས་སྦོན་དང་སྦར་ལིན་དུ་ཕེཌིག་ནོ་མེན་ཐེབས་རྩ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོ་དང་ཚོགས་ཆེན་དུ་གསུང་བཤད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎