བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་ཇི་ལྟར་སྤེལ་བཞིན་པ་ངོ་སྤྲོད།

ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ལ་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་ཇི་ལྟར་སྤེལ་བཞིན་པ་ཁག་ངོ་སྤྲོད་གནང་བ།

2011.10.24

༄༅༎བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ངོ་སྤྲོད་གནང་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ལ་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་ཇི་ལྟར་སྤེལ་བཞིན་པ་ཁག་ངོ་སྤྲོད་གནང་བར་ཕེབས་ཡོད་པ་རེད་ཅེས་གསུང་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ད་ཐེངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ལས་དོན་དེར་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་གི་དཔོན་རིགས་རྣམས་དང་མཇལ་མོལ་གནང་བ་དེའི་ཁོངས་ཨ་རི་དང་དབྱིན་ཇི་ ཕེ་རན་སི། ཌེན་མཀ། ནོར་ལྦེ། དང་ ཕིན་ལེནདྲ་བཅས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པའི་དཔོན་རིགས་རྣམས་དང་མཇལ་མོལ་གནང་སྐོར་གསུང་འདུག   ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གོང་ཞུས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་འཐུས་མི་དེ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འཁྲིད་ཡོད་སྐོར་དང་ཁོང་རྣམས་པས་ཡོ་རོབ་སྤྱི་མཐུན་གྱི་དཔོན་རིགས་རྣམས་དང་མཇལ་མོལ་གནང་ཡོད་སྐོར་གསུང་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་བོད་ནང་བོད་མི་གྲངས་ ༩ ཡིས་རྒྱ་གཞུང་གི་བོད་ནང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་བཏང་ཡོད་པ་དང་ཁོང་རྣམས་ཀྱིས་བོད་ནང་རང་དབང་དགོས་པ་དང་༸གོང་ས་ཏ་ལའི་བླ་མ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་གསུང་འདུག གོང་ཞུས་བོད་མི་རང་ལུས་མེར་བསྲེག་བཏང་གནང་མཁན་གྲངས་དགུ་བྱུང་བ་ནས་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། ཁ་སྔོན་ཕྱི་ཚེས་ ༡༩ ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ནང་གི་བོད་མི་རྣམས་ཀྱི་དལྟ་མྱོང་བཞིན་པའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེས་མཚོན་ཆེད་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་དུ་མ་སྤེལ་དང་སྤེལ་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎