བོད་ཕྱི་ནང་བོད་མིས་ལོ་གསར་དགའ་སྟོན་བྱེད་རྒྱུ་མིན་སྐོར།

བོད་ནང་གི་བོད་མི་མང་ཆེ་བས་འདས་པའི་ལོ་དེའི་ནང་གི་གནས་ཚུལ་བྱུང་རིམ་ལ་བརྟེན་ནས་ལོ་གསར་གཏོང་འཆར་མེད་ལུགས་གསུངས་འདུག

2009.01.29

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རོའུ་ཀྲར་གསར་འགོད་པ་ལུ་སི་ཧོན་བེས་ད་རིང་གནས་ཚུལ་བཀོད་པར་ལྟར་ན་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་མིའི་ས་གླང་ལོའི་ལོ་གསར་འཁེལ་ཡོད་པ་ལྟར་ཁྱིམ་ཚང་སོ་སོའི་ནང་ཤོག་སྦག་སྤར་བ་དང་གསོལ་སྟོན་བཤམས་པ་སོགས་ཀྱི་ལམ་ནས་དགའ་སྟོན་བྱས་ཡོད་ཀྱང་བོད་མི་ཚོས་ཟླ་བ་གཅིག་གི་རྗེས་སུ་འཁེལ་བའི་བོད་པའི་ལོ་གསར་གཏོང་རྒྱུའི་ཐོག་བསམ་ཚུལ་འདྲི་རྩད་བྱེད་པའི་སྐབས་མང་ཆེ་བས་འདས་པའི་ལོ་དེའི་ནང་གི་གནས་ཚུལ་བྱུང་རིམ་ལ་བརྟེན་ནས་ལོ་གསར་གཏོང་འཆར་མེད་ལུགས་གསུངས་ཡོད་འདུག དེ་ཡང་པེ་ཅིང་ནང་གནས་སྡོད་བྱང་ནག་ཆུ་ནས་ཡིན་པས་བོད་མི་ཞིག་གིས་བོད་པའི་ལོ་གསར་སྐབས་ཕ་མ་རྒས་འཁོག་གཉིས་ཐུག་འཕྲད་ཆེད་འགྲོ་རྒྱུའི་འཆར་གཞི་ཡོད་ཀྱང་ལོ་གསར་སྲུང་བརྩི་ཞུ་རྒྱུའི་འཆར་མེད། གང་ཡིན་ཟེར་ན་འདས་པའི་ལོ་དེའི་ནང་ཕྱི་ཟླ་གསུམ་པའི་དོན་རྐྱེན་བྱུང་བའི་གནས་ཚུལ་དང་དེ་བཞིན་ཟི་ཁྲོན་ཁུལ་ས་ཡོམ་གྱི་གོད་ཆགས་ཕོག་པའི་གནས་ཚུལ་ཐབས་སྡུག་བྱུང་བ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

ཡང་དཀར་མཛེས་ཁུལ་གྱི་མགྲིན་ཁང་བདག་པོ་ཞིག་གིས་རྒྱ་མིའི་ལོ་གསར་སྐབས་ཕྱི་རྒྱབ་བ་ཚོ་དགའ་བསུ་ཡོད་ཡིན་ནའང་དུས་རྒྱུན་བཞིན་ཤོག་སྦག་སྤར་རྒྱུ་དང་དགའ་སྟོན་བྱེད་རྒྱུ་གནས་སྐབས་ཕྱིར་འཐེན་བྱས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག འོན་ཀྱང་ཨ་མདོ་བླ་བྲང་ཁུལ་གྱི་དགེ་འདུན་པ་ཚོས་སྔ་ལོ་ལས་འགུལ་ནང་མཉམ་ཞུགས་གནང་པ་སོགས་ལ་བརྟེན་ལོ་འདིའི་རྒྱ་མིའི་ལོ་གསར་ནས་བཟུང་ཟླ་བ་གཅིག་རིང་ཕྱི་རྒྱལ་བ་ཚོ་ཁུལ་དེར་ཡོང་རྒྱུར་དམ་བསྒྲགས་བྱས་འདུག ཡང་ཨ་མདོ་རྔ་པ་ཁུལ་བོད་མི་ཚོས་རྒྱ་མིའི་ལོ་གསར་ཉིན་དགའ་སྟོན་མ་ཡིན་པར་གནས་རི་ཞིག་ལ་བསྐོར་བ་དང་དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱ་སྒོ་ཁག་ཅིག་སྤེལ་ཡོད་འདུག གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཙན་བྱོལ་ནང་ཡོད་པའི་བོད་རིགས་དང་ཚོགས་པ་ཁག་ཅིག་ནས་འཆར་ལོའི་ས་གླང་གི་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་ལུགས་ཀྱང་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎