བོད་ཀྱི་ནང་ཆེན་རྫོང་གི་ལྟེ་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་བཙུགས།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ལྟེ་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་འདུག

2009.09.17

༄༅༎ཟླ་བ་འདིའི་ཚེས་བཅུ་དྲུག་ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ལྟེ་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་དང་བོད་མི་རྣམས་ལ་རྒྱ་དམག་དང་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་བཞག དེ་ཡང་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བརྒྱུད་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་ཉིན་ཤས་སྔོན་ཡུལ་ཤུལ་ཆོས་དོན་ལྷན་ཁང་ནས་ནང་ཆེན་རྫོང་ཁོངས་ཀྱི་ཚེས་བཅུ་དགོན་དང་སྐྱོ་བྲག་དགོན་ དཔལ་མེ་དགོན་ དགོན་ཞབས་དགོན་བཅས་དགོན་སྡེ་ཁག་བཞི་ལ་སྐམ་གློག་འཕྲུལ་ཆས་སོགས་ཀྱི་ཅ་དངོས་ཁག་ཅིག་སྤྲད་འཆར་ཡོད་པ་ནས་དངོས་སུ་སྤྲོད་སྐབས་ཅ་དངོས་ཁག་བཅུ་ཙམ་ཞིག་མ་ཚང་བར་བརྟེན་དགོན་ཞབས་དགོན་པའི་གྲྭ་པ་གཉིས་ནང་ཆེན་རྫོང་དུ་ཕྱིན་ནས་འབྲེལ་ཡོད་ཁག་ལ་དངོས་ཆས་བར་བཟས་བྱས་ཡོད་སྐོར་ཞུས་ཀྱང་དོན་འབྲས་མ་སོན་པར་ཕན་ཚུན་ཁ་རྩོད་སོགས་ཤོར་རྗེས་གྲྭ་པ་དེ་གཉིས་འཛིན་བཟུང་བྱས་ཏེ་ད་བར་གློད་བཀྲོལ་བཏང་མི་འདུག

ཡང་ཚེས་བཅུ་དྲུག་ཉིན་ནང་ཆེན་རྫོང་ཁོངས་དཔལ་མེ་དགོན་དུ་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་ཁག་ཅིག་གིས་དགོན་པའི་མདུན་ཐང་དུ་གླུ་གཞས་གཏོང་སྐབས་མི་མང་འདུ་འཛོམས་ཤུགས་ཆེ་བྱུང་སྐབས་ཕྱི་དྲོ་ཚོུད་ལྔ་པ་ཙམ་ལ་གློ་བུར་དུ་ཐང་ཆེན་གྱི་ཕྱི་ལོག་ནས་བོད་མི་ཞིག་གིས་ཀི་སྒྲ་སྒྲོག་བཞིན་སླེབས་པ་དང་མི་གཅིག་ཤིང་སྟོང་ཞིག་གི་རྩེར་འཛེགས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་བཞག དེ་བཞིན་བོད་མི་རྣམས་ཀྱིས་སྐད་འབོད་འདྲ་མིན་བྱས་བཞག རྒྱལ་དར་སྒྲེང་མཁན་གྱི་མི་དེ་ཕྱི་ལོག་ཏུ་སྒུག་ཡོད་པའི་གྲྭ་པ་ཞིག་གི་སྦག་སྦག་གི་རྒྱབ་ལ་གཞོན་ནས་བྲོས་ཕྱིན་བཞག ཁོང་གི་རོགས་པ་རྣམས་ནི་མི་མང་གི་ཁྲོད་དུ་གྲམ་ཟིན་ཡོད་འདུག སྐབས་དེར་རྫོང་འབྲིང་རིམ་སློབ་གྲྭ་དང་པོའི་སློབ་ཕྲུག་བཞི་ཙམ་གྱིས་ཕྱི་ལོག་ནས་གློག་བརྙན་དང་པར་ལེན་བྱས་པར་བརྟེན་ཉེན་རྟོག་པས་ཁོང་ཚོར་ཉེས་རྡུང་ཚད་མེད་བཏང་བཞག དགོང་མོ་སྐྱེ་རྒུ་མངོ་ནས་དྲག་ཆས་སྤྲས་པའི་དམག་མི་མང་པོ་ཞིག་འབྱོར་ཏེ་སྲང་མདོ་ཁག་སོ་སོར་དམག་མི་ཉི་ཤུ་ཙམ་བསྡད་ནས་བལྟ་སྲུང་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་འདུག་ཀྱང་བོད་མི་ཇི་ཙམ་འཛིན་བཟུང་བྱས་མིན་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཤེས་རྟོགས་མིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎