རྒྱ་ནག་གཞུང་གིས་བོད་མི་གཉིས་བཙོན་འཇུག་བྱས་ཡོད་པ།

བོད་ནང་བོད་མི་གཉིས་ཀྱིས་དྲ་རྒྱ་བརྒྱུད་༸གོང་ས་མཆོག་གི་སྐུ་པར་བརྗེ་ལེན་བྱས་པར་བརྟེན་ལོ་གསུམ་གྱི་རིང་བཙོན་འཇུག་བྱས་ཡོད་པ།

2009.12.07

༄༅༎དྲ་རྒྱའི་བརྒྱུད་ལམ་ནང་་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་བརྗེ་ལེན་བྱས་པའི་རྒྱུ་མཚན་གྱིས།བོད་རིགས་གཉིས་ལ་ལོ་ངོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་རྟེན་གཞི་བྱེད་བཞིན་པའི་རྒྱལ་མཚམས་མེད་པའི་གསར་འགོད་ཀྱི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན།བོད་རིགས་ན་གཞོན་རྒྱལ་མཚན་དང་ཉི་མ་དབང་འདུ་ཞུ་བ་གཉིས་ཀྱིས།རྒྱལ་ཁབ་ཀྱི་གནས་ཚུལ་ཁག་ཕྱིར་རྒྱལ་ཁབ་ནང་ཡོད་པའི་འབྲེལ་ཡོད་མི་སྣར་མཁོ་སྤྲོད་བྱས་པའི་ནག་ཉེས་བཙུགས་ཏེ།ལོ་ངོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱལ་མཚམས་མེད་པའི་གསར་འགོད་ཀྱི་ཚོགས་པ་དེས་རེས་གཟའ་ཟླ་བའི་ཉིན་ཕྱི་བསྒྲགས་གནང་བའི་གསལ་བསྒྲགས་ཀྱི་ནང་དོན་ལྟར་ན།ཁོང་གཉིས་ཀྱིས་དྲ་རྒྱ་བརྒྱུད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་གཏོང་རེས་བྱས་པའི་རྒྱུ་མཚན་གྱིས།འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འཛིན་བཟུང་བྱས་པ་དང་།ད་ཆ་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་བཀོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པ་དེས་བོད་རིགས་ན་གཞོན་གཉིས་ཕྲལ་དུ་གློད་འགྲོལ་གཏང་དགོས་པ་མ་ཟད།ཉེས་འཛུགས་བྱས་པ་ཁག་ཕྱིར་འཐེན་གནང་དགོས་པའི་འབོད་བསྐུལ་གནང་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎