འབྲས་ལྗོངས་བོད་ཀྱི་གསོལ་མགྲོན་ཁང་ལ་རྩེ་ཕུད་བྱ་དགའ་ཐོབ་པ།

འབྲས་ལྗོངས་ནང་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་ལ་འབྲས་ལྗོངས་མངའ་སྡེའི་གསོལ་མགྲོན་ཁང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད་

2008.09.29

༄༅༎འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ལ་རྟེན་གཞི་བྱས་པའི་ཧོ་ཊེལ་ཀྲི་སྦེཏ་ཞེས་པའི་བོད་ཀྱི་གསོལ་མགྲོན་ཁང་ལ་འབྲས་ལྗོངས་མངའ་སྡེའི་གསོལ་མགྲོན་ཁང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད་

དེ་ཡང་ཕ་ཡུལ་དྲ་རྒྱས་གནས་ཚུལ་སྤེལ་འདོན་ལྟར་ན་ འབྲས་ལྗོངས་གཞུང་གིས་སྒང་ཏོག་ལ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དེར་མངའ་སྡེའི་ནང་གི་གསོལ་མགྲོན་ཁང་རྩེ་ཕུད་དེ་ཡིན་པའི་བྱ་དགའ་གསོལ་སྩལ་གནང་ཡོད་པ་དང་ དེ་ཡང་བྱ་དགའ་དེ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ལྦན་ཆལ་ལིང་མཆོག་གིས་རེས་གཟའ་སྤེན་པའི་ཉིན་དམིགས་བསལ་མཛད་སྒོ་ཞིག་ཐོག་གནང་ཡོད་པ་རེད་

བོད་ཀྱི་གསོལ་མགྲོན་ཁང་དེ་ནི་བཙན་བྱོལ་བོད་གཞུང་གིས་བཙུགས་པའི་གསོལ་མགྲོན་ཁང་ཞིག་ཡིན་པ་དང་ཡིན་ནའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་དཔལ་འབྱོར་བཅོས་བསྒྱུར་གྱི་སྲིད་བྱུས་ལག་བསྟར་ནང་བོད་ཀྱི་གསོལ་མགྲོན་ཁང་དེ་གཞུང་གི་ཚོང་ལས་ཚན་པ་ཁག་གཞན་ལྟར་ཚོང་པ་སྒེར་ལ་ཕྱིར་བཙོང་གནང་རྒྱུ་གནང་ཡོད་ཀྱང་དེར་མི་མང་ཁྲོད་དགོངས་ཚུལ་ཤུགས་ཆེ་བྱུང་སྟེ་མཐའ་མ་སྒེར་བཙོང་མ་ཐུབ་པར་བཙན་བྱོལ་བོད་མིའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འཛིན་སྐྱོང་གནང་རྒྱུ་བཟོས་ཡོད་པ་རེད་ སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་ལ་དེ་སྔ་ཡང་རྒྱ་གར་གཞུང་གི་ཡུལ་བསྐོར་སྤྲོ་འཆམ་ལྷན་ཁང་གི་གསོལ་མགྲོན་ཁང་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎