བོད་མི་གློག་བརྙན་བཟོ་སྒྲིག་གནང་མཁན་གློད་བཀྲོལ་བཏང་བ།

འཇིགས་བྲལ་གློག་བརྙན་བཟོ་སྒྲིག་གནང་མཁན་ཕྱག་རོགས་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་བཙོན་ནས་འཕྲལ་སེལ་རིང་གློད་བཀྲོལ་བཏང་འདུག

2008.10.18

༄༅༎རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་ཇི་འདྲ་ཡོད་མེད་ཐད་གཞིས་ལུས་བོད་མི་ཚོའི་བསམ་ཚུལ་ཕྱོགས་སྡོམ་ཞུས་པའི་དངོས་འབྱུང་གློག་བརྙན་བཟོ་སྒྲིག་གནང་མཁན་དོན་གྲུབ་དབང་ཆེན་ལགས་སུ་ཕྱག་རོགས་གནང་མཁན་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་ཀན་སུ་ཞིང་ཆེན་གྱི་ཀ་ཆུ་གྲོང་ཁྱེར་ནང་གི་བཙོན་ཁང་ནས་འཕྲལ་སེལ་རིང་གློད་བཀྲོལ་ཏང་འདུག

འཇིགས་མེད་རྒྱ་མཚོ་ལགས་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ཉིན་འཛིན་བཟུང་བྱསཔ་ནས་བཟུང་ཟླ་བ་འདིའི་ཚེས་བཅོ་ལྔ་བར་ཀན་སུ་ཞིང་ཆེན་གྱི་ཀ་ཆུ་གྲོང་ཁྱེར་གྱི་བཙོན་ཁང་ནང་བཅུག་ཡོད་པ་དང་འགོ་སྟོད་ཀྱི་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ནས་གློག་བརྙན་འཇིགས་བྲལ་བཟོ་སྒྲིག་བྱས་པའི་རྒྱབ་ལ་ཚོགས་པ་སུ་ཞིག་ཡོད་མེད་དྲི་རྩད་ནན་པོ་བྱས་འདུག འཇིགས་མེད་རྒྱ་མཚོ་ལགས་བཙོན་ཁང་ནས་གློད་བཀྲོལ་བྱུང་རྗེས་ཁོང་བླ་བྲང་བཀྲིས་འཁྱིལ་དགོན་པར་ཕེབས་སྐབས་དགོན་པའི་དགེ་འདུན་པ་དང་ས་གནས་མི་དམངས་ཚོས་ལག་ལ་མཇལ་དར་འཁྱེར་ནས་དགའ་སྤྲོ་ཆེན་པོའི་ངང་ནས་ཁོང་ལ་བསུ་བ་ཞུས་པ་དང་ཆབས་ཅིག་བདོ་བསྟན་སྲིད་ཀྱི་དོན་དུ་ཁོང་གིས་སྐུ་ལས་སྐྱོན་པར་ཐུགས་རྗེ་ཆེ་ཞུས་འདུག འཇིགས་མེད་རྒྱ་མཚོ་ལགས་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་རུང་ཁོང་ཐོག་རྟོག་ཞིབ་མུ་མཐུད་བྱ་རྒྱུ་ཡིན་པ་དང་ཉིན་ཤས་གོང་ཁོང་དང་མཉམ་དུ་བླ་བྲང་བཀྲིས་འཁྱིལ་དགོན་པའི་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་ལགས་ཀྱང་གློད་བཀྲོལ་བཏང་འདུག འཇིགས་བྲལ་གློག་བརྙན་བཟོ་སྒྲིག་གནང་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་སྐོར་ད་ལྟ་གནས་ཚུལ་ཁ་གསལ་སུས་ཀྱང་གོ་ཐོས་བྱུང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎