ཆིངས་ཡིག་དོན་ཚན་༡༧་བཞག་ནས་ལོ་༦༠་འཁོར་བ།
2011.05.24
༄༅༎ཁ་ས་ ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉི་མོ་དེ་ནི་ ༡༩༥༡ ལོར་ བོད་དང་རྒྱ་ནག་དབར་ ཆིངས་ཡིག་དོན་ཚན་ ༡༧ ཟེར་བའི་གྲོས་མཐུན་བཞག་ཏེ ཆིངས་ཡིག་དེའི་ནང་དོན་གཞིར་བཟུང་ རྒྱ་ནག་གིས་ བོད་ཞི་བའི་ལམ་ནས་བཅིངས་བཀྲོལ་བཏང་སྟེ་ མི་ལོ་ ༦༠ འཁོར་བའི་རྟེན་འབྲེལ་བྱས་ཡོད་ཀྱང་ བོད་མི་རྣམས་ཀྱིས་ ཆིངས་ཡིག་དེ་བཞིན་ རྒྱ་ནག་གཞུང་གིས་སྐབས་དེའི་བོད་གཞུང་གི་སྐུ་ཚབ་ཚོའི་ཐོག་སྡིག་ར་སྐུལ་བའི་ཁོར་ཡུག་འོག་ འཇོག་དགོས་བྱུང་བ་རེད་ཅེས་ ཆིངས་ཡིག་དེར་མཐའ་གཅིག་ཏུ་ངོས་ལེན་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ ཆིངས་ཡིག་དེ་བཞིན་ རྒྱ་ནག་གིས་དྲག་པོའི་བཙན་འཛུལ་འོག་འཇོག་དགོས་བྱུང་བའི་ཁྲིམས་མཐུན་ཅན་གྱི་གྲོས་མཐུན་ཞིག་མ་ཡིན་པ་སོང་ཙང་ བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་གནང་རྗེས་ ༡༩༥༩ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན་གཞུང་འབྲེལ་གསལ་བསྒྲགས་ཤིག་ཁྱབ་སྤེལ་གནང་བ་བརྒྱུད་ ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་དེར་ ངོས་ལེན་དང་ངོས་འཛིན་མེད་ཅེས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་གནང་བ་རེད།