བོད་མི་ཚོར་གྷན་རྡིའི་ལྟ་གྲུབ་ཐོག་སློབ་ཁྲིད་ལས་འཆར།

བཞུགས་སྒར་ཁུལ་གྱི་བོད་མི་ཚོར་སྐྱེས་བུ་དམ་པ་གྷན་རྡིའི་ལྟ་གྲུབ་ཐོག་སློབ་འཁྲིད་གནང་རྒྱུའི་ལས་འཆར་ཞིག་འགོ་བཙུགས་ཡོད་འདུག

2009.10.22

༄༅༎བཞུགས་སྒར་ཁུལ་གྱི་བོད་མི་ཚོར་སྐྱེས་བུ་དམ་པ་གྷན་རྡིའི་ལྟ་གྲུབ་ཐོག་སློབ་འཁྲིད་གནང་རྒྱུའི་ལས་འཆར་ཞིག་འགོ་བཙུགས་ཡོད་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་གར་ནུབ་བྱང་གུཇུ་ར་ཏིའི་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ས་ལྦ་རཇ་པིཏ་ཐེབས་རྩ་ནས་གོ་བསྒྲིགས་གནང་བའི་འོག་དེ་རིང་ཚེས་ཉི་ཤུ་གཉིས་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་བོད་མི་ཚོར་གྷན་རྡིའི་ལྟ་གྲུབ་ངོ་སྤྲོད་གནང་རྒྱུའི་ལས་འཆར་ཞིག་འགོ་བཙུགས་གནང་ཡོད་འདུག རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡིའི་སྐུ་སྒེར་དྲུང་ཆེ་མ་ཧ་དེལྦ་སྦ་ཡི་མཆོག་གི་བུ་ན་ར་ཡན་བ་ཡེ་དེ་ས་ཡེ་མཆོག་ནས་གྷན་རྡིའི་ལྟ་གྲུབ་ནང་འཚེ་མེད་ཞི་བའི་ལམ་དང་བྱམས་པ་དང་བརྩེ་བ་སོགས་ཀྱི་ལམ་ནས་སོ་སོའི་ཉིན་རེའི་མི་ཚེའི་སྐྱེལ་དགོས་པ་ལས་ང་རྒྱལ་དང་འཚེ་བའི་ལས་ལ་འཇུག་རྒྱུ་མེད་ལུགས་སོགས་ལམ་སྟོན་གནང་ཡོད་འདུག

ཁོང་གིས་ད་རེས་ལས་འཆར་འདི་ནི་སྐྱེས་བུ་དམ་པ་གྷན་རྡི་མཆོག་གིས་དེ་སྔ་ཕྱི་ལོ་༡༩༠༩ལོར་ཧིནད་ས་ལྦ་རཇ་འམ་རྒྱ་གར་རང་ངོས་ཀྱིས་འཛིན་པའི་རྒྱལ་ཁབ་ཅེས་པའི་ལས་འགུལ་ཞིག་སྤེལ་ནས་ལོ་ངོ་བརྒྱ་ཐམས་པ་ཧྲིལ་བུ་འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་བ་དང་ཆབས་ཅིག་བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གཉིས་སྟབས་གཅིག་དོན་གཉིས་སུ་ངོས་འཛིན་ཞུ་གི་ཡོད་ལུགས་ཀྱང་གསུངས་འདུག ཁོང་ནི་གུ་ཇུ་ར་ཏིའི་ལྦི་ཏ་ཡ་པིཏ་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྱི་ཐུགས་འགན་བཞེས་ཀྱི་ཡོད་པ་ཞིག་ཡིན་འདུག ད་རེས་གྷན་རྡིའི་ལྟ་གྲུབ་ཀྱི་ལས་འཆར་འདི་བཞིན་འདི་ཟླའི་ཚེས་ཉི་ཤུ་ལྔ་བར་ཚུགས་རྒྱུ་ཡིན་པ་དང་བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི། སློབ་ཕྲུག། གཞན་ཡང་རྒྱ་གར་བའི་མི་མང་ཁག་ཅིག་ནས་མཉམ་ཞུགས་གནང་འདུག་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ཀྱང་ཉིན་གྲངས་བཞི་བསྟུད་མར་མཉམ་ཞུགས་གནང་འཆར་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎