གྱོང་གུད་ཕོག་པའི་བོད་མི་ཚོ་རྡ་སར་རོགས་རམ་ཞུ་འབོད་ཆེད་འབྱོར་འདུག


2019.03.06
ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར(Naharlagun)ནང་གི་དོན་རྐྱེན་ཁྲོད་གྱོང་གུད་ཕོག་པའི་བོད་མི་ཚོ་རྡ་སར་རོགས་རམ་ཞུ་འབོད་ཆེད་འབྱོར་སྐབས། ༢༠༡༩།༣།༦ ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར(Naharlagun)ནང་གི་དོན་རྐྱེན་ཁྲོད་གྱོང་གུད་ཕོག་པའི་བོད་མི་ཚོ་རྡ་སར་རོགས་རམ་ཞུ་འབོད་ཆེད་འབྱོར་སྐབས། ༢༠༡༩།༣།༦
RFA

ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར(Naharlagun) ནང་གི་དོན་རྐྱེན་ཁྲོད་བོད་མི་ཚོར་གནོད་འཚེ་བྱུང་བ་དང་ཧིན་སྒོར་ས་ཡ་བཅུ་གཉིས་དང་འབུམ་དྲུག་བཅུ་རེ་གཅིག་ལྷག་གྱོང་ཕོག་ཡོད་འདུག
ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་(Arunachal) མངའ་སྡེའི་གཞུང་ནས་ཕྱི་ཕྱོགས་ཀྱི་སྐྱབས་བཅོལ་བར་གཏན་སྡོད་ཀྱི་ལག་ཁྱེར་(PRC) སྤྲོད་རྒྱུའི་ཐག་གཅོད་བྱུང་བར་བརྟེན། (Arunachal)མངའ་སྡེའི་གྲོང་ཁྱེར་(Naharlagun)ནང་གནས་སྡོད་རྒྱ་གར་ཡུལ་མི་ཚོས་མངའ་སྡེ་གཞུང་གིས་ཐག་གཅོད་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་དེའི་ནང་ཅ་དངོས་སོགས་གཏོར་སྐྱོན་དང་།  མེ་སྲེག་བཏང་བའི་གནས་ཚུལ་བྱུང་བའི་ཁྲོད། དེའི་ཁུལ་གྱི་གནས་སྡོད་བོད་རིགས་མི་ཚང་༡༦ གི་ཚོང་ཁང་དང་ཟ་ཁང་ཡོངས་སུ་མེར་བསྲེགས་བཏང་བ་དང་། འཕྲོག་བཅོམ་བྱས་ཏེ་བོད་རིགས་ཚོར་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་ཟླའི་སྤྱི་ཚེས་ ༦ཉིན། (Arunachal)མངའ་སྡེའི་གྲོང་ཁྱེར་(Naharlagun)ནང་གནས་སྡོད་བོད་རིགས་ཚོའི་འཐུས་མི་༡༤ བཞུགས་སྒར་རྡ་རམ་ས་ལར་བཅར་ཡོད་པ་དང་། སྣེ་ཁྲིད་པ་ཡེ་ཤེས་དོན་གྲུབ་ལགས་ཀྱིས། (Naharlagun)གྲོང་ཁྱེར་ནང་རྒྱ་གར་ཡུལ་མིས་ངོ་རྒོལ་བྱས་བའི་དོན་རྐྱེན་ཁྲོད་བོད་མིའི་ཚོང་ཁང་དང་ཟ་ཁང་མང་པོ་མེ་སྲེག་བཏང་ནས་བོད་མིའི་འཚོ་རྟེན་བྱེད་ས་དང་དཔལ་འབྱོར་ཡོང་ཁུངས་གཅིག་པོ་དེ་ཡང་མེད་པ་ཆགས་པ་མ་ཟད། ཁྱོན་ཧིན་སྒོར་ས་ཡ་བཅུ་གཉིས་དང་འབུམ་དྲུག་བཅུ་རེ་གཅིག་བཞི་ཁྲི་དགུ་སྟོང་ཉི་བརྒྱ་ཐམ་པའི་གྱོང་གུད་ཕོག་པ་གནས་ཚུལ་ངོ་སྤྲོད་དང་སྦྲགས། གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་བཅས་ནས་རོགས་རམ་གནང་རོགས་ཞེས་ཞུ་འབོད་བྱེད་དུ་ཡོང་བ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། རྒྱ་གར་(Arunachal) མངའ་སྡེའི་གྲོང་ཁྱེར་(Naharlagun)ནང་གནས་སྡོད་བོད་རིགས་ཚོ་མུ་མཐུད་ནས་ས་ཁུལ་དེར་གནས་སྡོད་བྱ་རྒྱུ་ཁག་པོ་ཡིན་པ་མ་ཟད། ད་ཐེངས་དོན་རྐྱེན་དེ་དང་འབྲེལ་འཛིན་སྐྱོང་དང་ལྷན་དུ་གོ་བསྡུར་ཞུ་རྒྱུ་ཡིན་པ་གསུངས་བྱུང་།
ཁུལ་དེའི་ཚོང་པ་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་གསུངས་ན། ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྒྱ་གར་ཡུལ་མི་དང་བོད་རིགས་དབར་རྙོག་གླེང་དུ་མ་འབྱུང་བཞིན་ཡོད་ནའང་། (Arunachal)མངའ་སྡེའི་གཞུང་དང་དེའི་ཁུལ་གྱི་བོད་རིགས་བར་འབྲེལ་ལམ་ཡག་པོ་ཡོད་པ་གསུངས་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎