གཞིས་ལུས་བོད་མིར་ཆེ་བསྟོད་ཞུ་བའི་རོལ་དབྱངས་འདུ་འཛོམས།

བོད་རང་དབང་གི་དོན་དུ་སྐུ་ལུས་མེར་སྲེག་བཏང་པའི་མཛད་རྗེས་ལ་ཆེ་བསྟོད་དང་རྗེས་སུ་ཡི་རང་ཞུ་ཆེད་་རོལ་དབྱངས་ཀྱི་འདུ་འཛོམས།

2011.12.22

༄༅༎བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཞེས་པ་ནས་ འདི་ལོ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ འདི་ལོ་བོད་ནང་བོད་མི་རྒྱལ་ཞེན་དཔའ་བོ་དཔའ་མོ་བཅུ་གྲངས་ལྷག་གི་བོད་རང་དབང་གི་དོན་དུ་སྐུ་ལུས་མེར་སྲེག་བཏང་པའི་མཛད་རྗེས་ལ་ཆེ་བསྟོད་དང་ རྗེས་སུ་ཡི་རང་ཞུ་ཆེད་་རོལ་དབྱངས་ཀྱི་འདུ་འཛོམས་གནང་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག་༎
བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཞེས་བཙན་བྱོལ་ནང་གི་བོད་མི་སྒྱུ་རྩལ་མི་སྣ་ཁག་ཅིག་ལས་གྲུབ་པའི་མཐུན་ཚོགས་ཀྱིས་ འདི་ཟླའི་ཚེས་༣༡ནས་ཕྱི་ཟླ་༡པོའི་ཚེས་༢བར་ཉིན་གསུམ་རིང་ གནས་མཆོག་རྡོ་རྗེ་གདན་དུ་ རོལ་དབྱངས་ཀྱི་འདུ་ཚོགས་གནང་རྒྱུ་ཡིན་འདུག་པ་དང་ རོལ་དབྱངས་ཀྱི་འདུ་འཛོམས་དེ་བཞིན་གཞིས་ལུས་བོད་མིའི་ཚོའི་སྙིང་སྟོབས་ལ་ ཆེ་བསྟོད་ཀྱི་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཡིན་པ་པརེད་ བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་གཞས་པ་བཀྲས་ཆུང་ལགས་ཀྱིས་ རོལ་དབྱངས་ཀྱི་འདུ་འཛོམས་གོ་སྒྲིག་ཞུ་དགོས་དོན་སྐོར་གསུངས་ན་ འདི་ལོ་བོད་ནང་སྐུ་ལུས་མེར་སྲེག་བཏང་བའི་ལས་འགུལ་གཅིག་མཇུག་གཉིས་མཐུད་ཐོན་པ་དེ་ བོད་མི་རྣམས་རྒྱ་ནག་གི་དྲག་གནོན་འོག་ འ་ཆད་འུ་ཐུག་གི་གནས་སྟངས་གསལ་འདོན་ཡིན་པ་དང་ འདི་ལྟ་བུའི་ཛ་དྲག་གི་གནས་སྟངས་སྐབས་ བཙན་བྱོལ་ནང་གནས་འཁོད་བོད་མི་ཚོས་ གཞིས་ལུས་བོད་མི་ཚའི་སྙིང་སྟོབས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཅིག་མཚུངས་སྤེལ་རྒྱུ་གལ་འགངས་ཤིན་ཏུ་ཆེན་་ཡིན་པོ་རེད་ཅེས་འགྲེལ་བརྗོད་གནང་པ་དང་སྦྲགས་ རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ སྒྱུ་རྩལ་གྱི་ལམ་ནས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་གནད་འགག་ཆེན་པོ་ཡོད་ལ་ རོལ་གཞས་དང་རོལ་དབྱངས་ཀྱིས་མང་ཚོགས་ལ་སེམས་ཤུགས་ཀྱི་ཀུན་སློང་སྤེལ་རྒྱུའི་ནུས་པ་ཡང་ཆེན་པོ་ཡོད་པའི་སྐོར་གསལ་འདོན་གནང་བཞག་ ཐེངས་འདི་བོད་ཀྱི་རོལ་དབྱངས་ཀྱི་འདུ་འཛོམས་ནང་ བཙན་བྱོལ་ནང་སྙན་གྲགས་ཆེ་བའི་གཞས་པ་བཀྲས་ཆུང་ལགས་དང་ ཚེ་རིང་འགྱུར་མེད་ བསྟན་འཛིན་རྒྱལ་པོ་ བསྟན་འཛིན་འོད་ཟེར་ ཆོས་གྲགས་བཅས་གཙོས་པའི་གཞས་པ་དང་གཞས་པ་མང་པོ་མཉམ་བཞུགས་གནང་རྒྱུ་ཡིན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎