འཕྲིན་ལས་ཆོས་སྐྱིད་ལགས་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག་གནང་འདུག
དེ་ཡང་སྤྱི་ཟླ་༥པའི་ཚེས་༢ཉིན་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་ལས་བྱེད་པ་འཕྲིན་ལས་ཆོས་སྐྱིད་ལགས་སུད་སིའི་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་ནང་ཡོད་པ་དང་། དེའི་ཐད་ད་རེས་གསལ་བསྒྲགས་གནང་བའི་ཡིག་ཆའི་ནང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་༡༩པའི་ནང་གསེས་དང་པོའི་ནང་གསལ་བའི་སྒྲིག་གཞི་དགོངས་དོན་ལྟར། སྐུ་ཚབ་དོན་གཅོད་བཀའ་ཤག་གིས་བསྐོ་གཞག་གནང་གི་ཡོད་པ་རེད། འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ཟླ་༦པའི་ཚེས་༢༢ནས་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་བཞེས་གནང་གི་ཡོད་འདུག
འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ལོ་༢༠༡༢ལོར་ཨ་རིའི་སྙན་གྲགས་ཆེ་བའི་ཧར་ཝརཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ཀྱི་ཐོག་ནས་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ནས་ལག་འཁྱེར་བླངས་པ་དང་། སྤྱི་ལོ་༢༠༡༨ནས་བོད་མིའི་སྒྲིགས་འཛུགས་ཀྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་སོགས་སུ་ཕྱག་ལས་གནང་མྱོང་ཡོད་པ་རེད། དེའི་སྔོན་(TATA Motors)་ཁེ་ལས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁྲིམས་ལུགས་སྡེ་ཚན་གྱི་འགན་འཛིན་གནང་མྱོང་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།