བོད་དུ་གསར་འགོད་པ་གཏོང་དགོས་པའི་འབོད་སྐུལ།

རྒྱལ་མཚམས་མེད་པའི་སྨན་ཚོགས་ཀྱིས་བོད་དུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

2008.06.03

༄༅༎རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོགས་ཀྱིས་ཉེ་ཆར་རྒྱ་ནག་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་ཡུལ་དུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་བསྐྱོད་དུ་བཅུག་ཏེ་གནོད་འཚེ་བྱུང་ཡུལ་གྱི་གནས་ཚུལ་རྒྱལ་སྤྱིའི་ནང་ཕྱི་གསལ་ནང་གསལ་བཟོ་བའི་རྒྱ་ནག་གཞུང་གི་སྲིད་ཇུས་དེར་དགའ་བསུ་ཞུས་ཏེ་རྒྱ་ནག་གཞུང་གིས་དེ་ལྟ་བུའི་སྲིད་ཇུས་གཅིག་མཚུངས་བོད་ཀྱི་ས་ཁུལ་དུ་འཛིན་ཏེ་བོད་ཀྱི་ས་ཁུལ་དམ་བསྒྲགས་བྱེད་ཡུལ་ཁག་ཏུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་གསུང་ན། ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་ཟི་ཁྲོན་ཞིང་ཆེན་གྱི་ས་ཡོམ་རྒྱབ་ཡུལ་དུ་ཕྱི་རྒྱལ་གསར་འགོད་པ་འགྲོ་བསྐྱོད་བྱེད་དུ་བཅུག་ཏེ་དེའི་ཁུལ་དུ་གསར་འགོད་པས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་ཧ་ཅང་གི་རང་དབང་ཆེན་པོ་སྤྲད་ཡོད་ཀྱང་བོད་ཀྱི་ས་ཁུལ་དུ་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༤ ནས་ཟིང་ཆའི་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་རྒྱལ་སྤྱིའི་གསར་འགོད་པ་འགྲོ་བསྐྱོད་བཀག་འགོག་བྱས་པའི་སྲིད་ཇུས་མཚམས་འཇོགས་བྱས་ཏེ་ཟི་ཁྲོན་ཞིང་ཆེན་དུ་འཛིན་པའི་སྲིད་ཇུས་བོད་ཀྱི་ས་ཐོག་ཏུ་འཛིན་དགོས་པའི་སྐོར་གསུང་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་བོད་ཀྱི་ས་ཐོག་ཏུ་འཛུལ་ཐབས་བྱས་ཀྱང་རྒྱ་མིའི་ཉེན་རྟོག་པས་བཀག་འགོག་བྱས་པའི་གནས་ཚུལ་གསུང་ཡོད་ཅིང༌། དེའང་ཡོ་རོབ་ཁུལ་གྱི་གསར་འགོད་པ་མཚན་གསུང་འདོད་མེད་པ་ཞིག་གིས་ཉེ་ཆར་ཁོང་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནས་བོད་ཀྱི་ཕྱོགས་སུ་བསྐྱོད་ཐབས་བྱས་ཀྱང་འགྲོ་ལམ་ཐོག་ཡོད་པ་རྒྱ་མིའི་ཉེན་རྟོག་བལྟ་སྲུང་ཁང་ནས་ཕྱིར་ལོག་བྱས་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎