བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་རྒྱུ་རེད།


2017.09.01
བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག
TNSA

བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་༢༠༡༨་ལོའི་ཁོ་ནི་ཧྥ་ (CONIFA)་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༩ ་ཚེས་ ༡ ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་(CONIFA)་ཡིས་གོ་སྒྲིག་གནང་བའི་ ༢༠༡༨ ་ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་(CONIFA World Football Cup 2018)་ཞེས་པ་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཚོགས་གཏན་འཁེལ་ཡོད་པ་དང་། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་དམིགས་བསལ་མགྲོན་འབོད་གནང་བ་ལྟར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་རྩེད་འགྲན་དེའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༨ ་ལོའི་ཕྱི་ཟླ་ ༥ ་ཚེས་ ༣༡ ་ནས་ཕྱི་ཟླ་ ༦ ་ཚེས་ ༩ ་བར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཚོགས་རྒྱུའི་ ༢༠༡༨ ་ལོའི་ (CONIFA)་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེའི་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་དང་། གཞན་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁུལ་གྱི་རྒྱལ་ཁབ་Oceania་ནས་རུ་ཁག་གཅིག་དང་། བྱང་ཨ་རི་ནས་རུ་ཁག་གཅིག ཨ་ཧྥི་རི་ཀ་དང་ཨེ་ཤི་ཡ་ནས་རུ་ཁག་གཉིས་རེ། ཡུ་རོབ་ནས་རུ་ཁག་ལྔ་སོགས་གླིང་ཆེན་བཞི་ནས་ཁྱོན་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༦ ་ཙམ་མཉམ་ཞུགས་གནང་རྒྱུ་ཡིན་འདུག
གོང་ཞུས་ CONIFA་ཞེས་པའི་རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དེ་བཞིན་འཛམ་གླིང་རྐང་རྩེད་སྤོ་ལོའི་སྒྲིག་འཛུགས་ FIFA་ནང་དེབ་སྐྱེལ་བྱས་པ་དང་། དེ་ནི་ FIFA་ཕུད་པའི་རྐང་སྤོལ་རྩེད་འགྲན་རྒྱ་ཆེ་ཤོས་ཤིག་ཡིན་པ་རེད།
གཞན་འདི་ལོའི་ཕྱི་ཟླ་ ༧ ་པའི་ནང་ཨ་རི་བ་བུད་མེད་ཁེ་སི་ཡིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མིའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཞིག་ཁེ་ཎ་ཊིའི་གྲོང་ཁྱེར་Vancouver་ནང་ཚོགས་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་དུས་སྟོན་འགྲན་བསྡུར་ཐོག་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎