ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག

2022.03.11
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་ལགས་དང་སྤྱི་ནོར་༧གོང་ས་མཆོག་རྒྱལ་བའི་ཕོ་བྲང་དུ་མཇལ་འཕྲད་སྐབས། ༠༣།༡༠།༢༠༢༢
OHHDL

འདི་ཚེས་༡༠་ཉིན། བཞུགས་སྒར་རྡ་རམ་སཱ་ལར་ཆེད་ཕེབས་གནང་ཡོད་པའི་ཅེཀ་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་(Jiri Oberfalzer)་ལགས་དང་། རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Amarendra Dhari Singh)་ལགས་བཅས་ཀྱིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད།
དེའི་ཐད་སྐུ་ཞབས་(Jiri Oberfalzer)་ལགས་སུ་བཅར་འདྲི་ཞུས་བར། མཇལ་འཕྲད་སྐབས་༧གོང་ས་མཆོག་གིས། མགོན་པོ་གང་ཉིད་སྐུ་ན་ཆུང་དུས་ཀྱི་སྐོར་དང་འབྲེལ་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་ལོ་རྒྱུས་ཀྱི་བྱུང་རབས་སོགས་བཀའ་མོལ་བྱུང་ཡོད་པ་གསུངས་བྱུང་།

IMG_1657.jpg
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་(Jiri Oberfalzer)་ལགས་ད་རེས་ཆེད་དུ་རྒྱ་གར་རྡ་རམ་སཱ་ལར་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣པའི་གཞུང་འབྲེལ་གྱི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡིན་པ་དང་། གཞུང་འབྲེལ་མཛད་སྒོའི་རྗེས་ཁོང་གིས་གསར་འགོད་ལྷན་ཚོགས་སར། ང་ཚོས་དུས་ནམ་ཡང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡིན། དེའི་ས་བོན་ནི་ང་ཚོའི་སྲིད་འཛིན་ཐོག་མ་ཝས་ལེཕྭ་ཧ་ཝལ་ལགས་ཀྱི་བྱས་རྗེས་ནས་བྱུང་བ་རེད། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་རྡོག་རོལ་གཏོང་བཞིན་ཡོད། དེ་རིང་ང་ཚོས་བོད་མི་ཚོར་རྒྱབ་སྐྱོར་ཆེད་འདིར་ཆེད་དུ་ཡོང་པ་ཡིན། ཞེས་གསུངས་ཡོད་པ་རེད།
མཐར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཁོང་ལ་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་ལོ་མང་རིང་རྒྱབ་སྐྱོར་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་བ་གསུངས་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎