བོད་ནང་ས་མཚམས་ཉེན་རྟོག་ལས་ཁང་མཐོས་ཤོས་བརྒྱབ།

རྒྱ་ནག་གི་ས་མཚམས་ཉེན་རྟོག་ལས་ཁང་མཐོ་ཤོས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོས་གསེབ་ས་ཁུལ་ཞིག་ནང་བརྒྱབ་ཡོད་པ།

2012.03.11

༄༅༎རྒྱ་ནག་གི་ས་མཚམས་ཉེན་རྟོག་ལས་ཁང་མཐོ་ཤོས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་གྲོང་གསེབ་ས་ཁུལ་ཞིག་ནང་རེས་གཟའ་སྤེན་པའི་ཉིན་གསར་འཛུགས་བྱས་ཡོད་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་ལྷ་ས་ནས་ཤིང་ཧྰ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་ནང་ནས་ས་མཚམས་ཉེན་རྟོག་ལས་ཁང་མཐོ་ཤོས་དེ་ནི་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ལྔ་སྟོང་སུམ་བརྒྱ་བདུན་ཅུ་དོན་གསུམ་གྱི་མཐོ་ཚད་ཐོག་ཡོད་པའི་བོད་ཀྱི་ལྷོ་ཁ་ས་ཁུལ་གྱི་ཕུ་མ་བྱང་ཐང་གྲོང་གསེབ་ནང་གསར་འཛུགས་བྱས་ཡོད་པ་དང། གྲོང་གསེབ་དེ་ནི་འབྲུག་ཡུལ་དང་ས་མཚམས་འཁེལ་བ་དང༌། དེའི་ནང་དུ་མི་འབོར་ནི་དགུ་བརྒྱ་ལྷག་ཙམ་ལས་མེད་པ་རེད། དེ་རིང་ལྷོ་ཁ་ས་གནས་ཀྱི་་ས་མཚམས་བདེ་འཇགས་ལས་ཁང་གི་འགོ་ཁྲིད་བཀྲིས་དོན་ལྡན་གྱིས་བཤད་དོན། གྲོང་གསེབ་ས་ཁུལ་དེའི་ནང་ས་མཚམས་ཉེན་རྟོག་ལས་ཁང་འཛུགས་སྐྲུན་བྱེད་དགོས་དོན་ནི། ས་མཚམས་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་མཚོན་པའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ནང་གལ་ཆེ་དང་ཕན་ཐོག་ལྡན་པའི་བྱ་བ་སྐྲུན་རྒྱུ་མ་ཟད། བོད་ཀྱི་ས་མཚམས་ཁུལ་དུ་ཞི་བདེ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཀྱི་ཆེད་དུ་ཡིན་པ་བཤད་ཡོད་པ་རེད། ད་དུང་རེས་གཟའ་སྤེན་པའི་ཉིན་Nyingchi ས་ཁུལ་གྱི་Mainling རྫོང་གྱི་Nanyi གྲོང་གསེར་ས་ཁུལ་ནང་དུ་ས་མཚམས་བེུད་ཉེན་རྟོག་ལས་ཁང་ཞིག་ཀྱང་གསར་འཛུགས་བྱས་ཏེ་དེའི་ནང་དུ་བེུད་ཉེན་རྟོག་པས་༢༠ ཡོད་པ་དང། དེ་དག་ནི་ལོ་༡༨ ནས་༣༡ བར་ཡིན་ཞིང༌། གྲོང་གསེབ་ས་ཁུལ་དེའི་ནང་གྲོང་གསེབ་པ་༤༤༥ ལྷག་ཙམ་ཡོད་པ་ནས་མང་ཆེ་བ་ནི་ཀློ་པའི་མི་རིགས་ཡིན་པ་དང༌། ས་ཁུལ་དེའི་ཁྱད་ཆོས་ནི་ ཡུལ་ལྗོངས་སྤྲོ་སྣང་ལྡན་ལ་ལོ་ལྟར་ཡུལ་སྐོར་སྤྲོ་ཆམ་པ་ཆེས་མང་པོ་ཡོང་ས་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎