རྒྱལ་ཁབ་གསུམ་བར་བྱང་ཀོ་རི་ཡའི་གནད་དོན་ཐད་བཀའ་བསྡུར།

བྱང་ཀོ་རི་ཡའི་གནད་དོན་ཐད་བཀའ་བསྡུར་གནང་ཆེད་ཨ་རི་དང༌ཉི་ཧོང༌ལྷོ་ཀོ་རི་ཡ་བཅས་པའི་ཕྱི་སྲིད་བློན་ཆེན་ལྷན་འཛོམས་གནང་རྒྱུ།

2010.12.04

༄༅༎ཟླ་བ་སྔོན་མའི་ཚེས་༢༣ཉིན་ཧོ་ཀོ་རི་ཡའི་བདག་དབང་འོག་ཡོད་པའི་མཚོ་གླིང་ཞིག་གི་ཐོག་བྱང་ཀོ་རི་ཡས་དྲག་རྒོལ་བྱས་པའི་ཛ་དྲག་གི་གནད་དོན་སྐོར་བཀའ་བསྡུར་གནང་ཆེད། བདུན་ཕྲག་རྗེས་མ་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ། ཨ་རི་དང༌། ཉི་ཧོང༌། ལྷོ་ཀོ་རི་ཡ་བཅས་པའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་འཛོམས་ཤིག་གནང་རྒྱུ་ཡིན་འདུག

དེ་ཡང་གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དབར་ད་ལམ་གྱི་འཁོན་འཁྲུག་དེ་བྱུང་བའི་རྗེས། རྒྱལ་སྤྱིའི་ཡུལ་གྲུ་ཕལ་མོ་ཆེ་བས་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང༌། རྒྱ་ནག་ཕྱོགས་ནས། བྱང་ཀོ་རི་ཡ་ལ་ཐད་ཀར་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་ལམ་གྱི་འཁོན་འཁྲུག་དེ་དང༌། དེ་བཞིན་བྱང་ཀོ་རི་ཡས་ཉེ་ལམ་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་གྱི་ལས་གཞི་རྒྱ་བསྐྱེད་གཏོང་གི་ཡོད་པའི་གསལ་བསྒྲགས་བྱས་པའི་དཀའ་རྙོག་སེལ་ཐབས་སུ། ལྷོ་བྱང་ཀོ་རི་ཡ་གཉིས་དང༌། ཨ་རི། ཉི་ཧོང༌། ར་ཤེ་ཡ་བཅས་པའི་སྐུ་ཚབ་རྣམ་པ་བསྐྱར་དུ་ལྷན་འཛོམས་ཀྱིས་གྲོས་མོལ་གནང་དགོས་པའི་བསམ་ཚུལ་སྟོན་པ་དེར། ཨ་རི་དང༌། ཉི་ཧོང༌། ལྷོ་ཀོ་རི་གཞུང་གིས་ཁས་ལེན་མ་བྱས་པར། རྒྱལ་ཁབ་དེ་དག་གསུམ་གྱི་ཕྱི་སྲིད་བློན་ཆེན་རྣམ་པ་བདུན་ཕྲག་རྗེས་མར་ཟུར་མཇལ་གྱིས། ཉེ་ལམ་ལྷོ་ཀོ་རི་ཡའི་མཚོ་གླིང་ཐོག་བྱང་ཀོ་རི་ཡས་དྲག་རྒོལ་བྱས་པའི་གནད་དོན་དེ་དང་། དེ་བཞིན་བྱང་ཀོ་རི་ཡས་རྡུལ་ཕྲན་ལས་གཞི་ཞི་རྒྱ་ཆེ་རུ་གཏོང་གི་ཡོད་པའི་གསལ་བསྒྲགས་བྱས་པ་དེར་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎