བོད་མི་སུམ་ཅུ་ལོ་གསུམ་ནས་ཚེ་བཙོན་བར་བཙོན་འཇུག་ཐག་གཅོད།

རྒྱ་ནག་གཞུང་གིས་དགེ་འདུན་པ་གཙོས་པའི་བོད་མི་སུམ་ཅུ་མི་ལོ་གསུམ་ནས་ཚེ་བཙོན་བར་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག

༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དོན་རྐྱེན་ཐོག་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་དྲུག་གཙོས་པའི་བོད་མི་ ༣༠ ཐམ་པར་མི་ལོ་གསུམ་ནས་ཚེ་བཙོན་བར་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་

འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། ཤིང་ཧ་གསར་ཤོག་དེའི་ཐོག་ལ་གྲོང་ཁྱེར་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་དམངས་ཁྲོད་ཁྲིམས་བཤེར་བྱས་ཏེ་ཉེས་ཆད་ཐག་གཅོད་བྱས་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གི་རླུང་འཕྲིན་ཐོག་ལ་ཉེས་ཆད་ཐག་གཅོད་བྱེད་པའི་ཁྲིམས་བཤེར་ཚོགས་འདུའི་ཐོག་མི་དམངས་ཉིས་བརྒྱ་སླེབས་ཡོད་ལུགས་དང་། དེ་ནི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་བོད་ནང་བོད་མིའི་རང་དབང་གི་འཐབ་རྩོད་ལས་འགུལ་འགོ་བཙུགས་ཏེ་ཟླ་བ་གཅིག་དང་ཕྱེད་ཀ་ཕྱིན་པའི་རྗེས་ཁྲིམས་བཤེར་གྱིས་ཉེས་ཆད་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་པ་ཐེངས་དང་པོ་ཡིན་པ་རེད། ད་དུང་ཤིང་ཧ་གསར་ཤོག་དེའི་ཐོག་ལ་བོད་མི་སུམ་ཅུ་དེའི་ནང་ནས་དགེ་འདུན་པ་པ་སངས་ལགས་ཞུ་བས་གཙོས་པའི་སྐྱེས་པ་གསུམ་ལ་ཚེ་བཙོན་གྱི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དང་། སྐུ་ཞབས་པ་སངས་ལགས་ཀྱིས་དགེ་འདུན་ལྔ་གཙོས་པའི་མི་ ༡༠ སྣེ་ཁྲིད་དེ་ས་གནས་རྒྱ་མིའི་ལས་ཁུངས་ཐོག་གཏོར་སྐྱོན་བཏང་བ་དང། ཚོང་ཁང་མེ་བསྲེགས་བཏང་བ། ཉེན་རྟོག་པའི་ཐོག་རྒོལ་བརྡུང་བཏང་བའི་ནག་ཉེས་འཛུགས་བྱས་ཡོད་པ་རེད། སྐུ་ཞབས་པ་སངས་ལགས་དང་ལྷན་དུ་དགེ་འདུན་པ་ལྔ་པོར་

དེར་མི་ལོ་ ༢༠ བཙོན་འཇུག་དང་དེ་མིན་རོགས་པ་ལྔ་པོར་ལོ་གསུམ་ནས་བཅོ་ལྔ་བར་གྱི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དང༌། དེ་མིན་གྱི་ཚེ་བཙོན་གྱི་ཉེས་ཆད་ཐག་གཅོད་བྱས་པའི་བོད་མི་གཅིག་ནི་བསོད་ནམས་ནོར་བུ་ལགས་ཞུ་ཡི་ཡོད་ཅེང༌། ཁོང་ནི་ལྷ་ས་གྲོང་ཁྱེར་གྱི་ཁང་པའི་ལས་ཁུངས་ཀྱི་ཁ་ལོ་བ་ཡིན་པ་དང༌། ཁོང་གིས་མོ་ཊ་མེར་བསྲེགས་བཏང་བ་དང་ཉེན་རྟོག་ལས་ཁུངས་གཏོར་སྐྱོན་བཏང་བ། མེ་གསད་རུ་ཁག་ཅིག་རྐྱེན་ལམ་བཏང་བའི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་མ་ཟད། གནད་དོན་དེ་དག་གིས་ཁོང་ལ་མི་དམངས་ཀྱི་མཁར་དངོས་མེར་བསྲེག་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་མཁན་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎