བོད་རང་བཙན་ཆེད་ཨ་མི་རི་ཀའི་ནང་གོམ་བགྲོད་གནང་གི་ཡོད་པ།
2009.03.06
༄༅༎ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡ་ནའི་ནང་གནས་སྡོད་གནང་བཞིན་པའི་རྒྱལ་བའི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་ད་ཕན་སྐུ་ཚེ་ཧྲིལ་པོའི་རིང་ལ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་མང་པོ་སྤེལ་གནང་ཡོད་པ་ལྟར་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་དང་དེ་བཞིན་བོད་གཞུང་སྤྱི་འཐུས་ཚོགས་མི་ཟུར་པ་དབང་ཕྱུག་རྡོ་རྗེ་ལགས་གཉིས་ཀྱིས་སྣེ་ཁྲིད་གནང་སྟེ་སྤྱི་ཟླ་གསུམ་པའི་ཚེས་བཅུ་རེས་གཟའ་མིག་དམར་ཉིན་སྔ་དྲོའི་ཚོུད་བཅུ་པ་ནས་འགོ་བཙུགས་ཏེ་སྔོན་༡༩༥༩ལོར་བོད་མིས་རྒྱ་ནག་གཞུང་གིས་བཙན་དབང་ལ་ངོ་རྒོལ་གྱེན་ལངས་བྱས་ཏེ་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ཨིན་ཌི་ཡ་ན་ནས་ལྦ་ཤིང་ཊོན་ཌི་སི།ཕི་ལ་ཌེལ་ཕི་ཡ།དེ་རྗེས་ནིིའུ་ཡོག་གི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་བར་རྒྱང་ཚད་མེ་ལེ་༩༠༠སར་གོམ་བགྲོད་གནང་གི་ཡོད་པ་རེད། དེ་ནི་ཡབ་དམ་པའི་དགོངས་གཞི་དང་ཕྱག་ལས་རྒྱུན་འཛིན་ཆེད་བོད་ནང་རྒྱ་ནག་གཞུང་གིས་བོད་ཧམ་བཟས་དང་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པ་དེ་བཞིན་བོད་དང་བོད་མིའི་ཆེད་དུ་རང་སྲོག་བློས་བཏང་བའི་བོད་མི་ཚོའི་ཆེད་དུ་རྗེས་དྲན་དང་བོད་ཀྱི་བདག་པོ་བོད་མི་ཡིན་པ་ལས་རྒྱ་ནག་གི་མངའ་འོག་དུས་ནམ་ཡང་མིན་ཞེས་པའི་ཡབ་རྗེ་དམ་པའི་རྣམ་ཀུན་ནས་བོད་རང་བཙན་གྱི་དགོངས་དོན་རྒྱུན་ཁྱོངས་གནངགི་ཡོད་ལུགས་འགྲེལ་བརྗོད་གནང་བཞག།