བལ་ཡུལ་ནང་འཛུགས་བསྐྲུན་བྱེད་ཕྱོགས་ཁོད་སྙོམ་མེད་པ།

བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་སྤྱི་ཚོགས་ནང་ཡར་རྒྱས་འཛུགས་བསྐྲུན་ཐོག་ཁོད་མི་སྙོམ་པ་དེ་མེད་པ་བཟོས་དགོས།

2009.08.17

༄༅༎བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཡུལ་གྱི་སྲིད་དོན་པ་རྣམས་ཀྱིས་སྤྱི་ཚོགས་ནང་ཡར་རྒྱས་འཛུགས་བསྐྲུན་ཐོག་ཁོད་མི་སྙོམ་པ་དེ་མེད་པ་བཟོས་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཛུགས་བསྐྲུན་ཡར་རྒྱས་ཚན་པས་གསུངས་ཡོད་པ་རེད།

དེ་ཡང་རྒྱལ་ཚོགས་ཀྱི་འཛུགས་བསྐྲུན་ཡར་རྒྱས་ཚན་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བལ་ཡུལ་ནང་སྤྱིར་བཏང་ཐོག་འཛུགས་བསྐྲུན་ཡར་རྒྱས་ཕྱིན་ཡོད་ནའང་ཡར་རྒྱས་ཕྱིན་པ་དང་ཡར་རྒྱས་མ་ཕྱིན་པའི་ས་ཁུལ་བར་དང་རིགས་རུས་དང་མི་རིགས་བར་གྱི་བར་ཁྱད་ཆེ་རུ་འགྲོ་བཞིན་ཡོད་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད།

དེ་འདྲ་སོང་ཙང་ཕྱི་ལོ་༡༩༩༠ལོར་ཡུལ་ནང་མང་གཙོའི་ལམ་སྲོལ་འགོ་ཚུགས་པ་ནས་ད་བར་སྤྱི་ཚོགས་བར་གྱི་དབང་ཚད་ཐོག་འགྱུར་བ་དེ་ཙམ་ཆེན་པོ་ཕྱིན་མེད་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད། བལ་ཡུལ་ནང་ཡོད་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་རོ་སྦ་ཏེ་པའེ་པར་ཡིས་སྙན་ཐོ་དེ་ནས་སློབ་གསོ་ག་རེ་ལེན་རྒྱུ་ཡོད་པ་རེད་ཅེ་ན་ཡུལ་ནང་དམག་འཁྲུག་མེད་པ་ཙམ་གྱིས་ཞི་བདེ་ལྷིང་འཇགས་དང་དཔལ་ཡོན་ཐོབ་རྒྱུ་མེད་པ་དེ་གསལ་པོ་ཆགས་པ་རེད་ཅེས་གསུངས་འདུག ཁོང་གིས་བལ་ཡུལ་ནང་འགྱུར་བ་ངེས་ཅན་ཞིག་ཡོང་རྒྱུར་ལོ་བརྒྱ་ཕྲག་མང་པོའི་རིང་གི་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་མེད་པ་བཟོ་ཐུབ་པ་དགོས་སྐོར་གསུངས་འདུག ཡང་ཁོང་གིས་བལ་ཡུལ་དེ་བཞིན་ལྷོ་ཨེ་ཤེ་ཡའི་ཡུལ་ཁག་ནང་ནས་འཛུགས་བསྐྲུན་ཡར་རྒྱས་ཆུང་ཤོས་ཕྱིན་པའི་ཡུལ་ཞིག་ཆགས་ཀྱི་ཡོད་པ་དང་འདས་པའི་ལོ་ངོ་བཅོ་ལྔ་ནང་སྤྱི་ཚོགས་འཛུགས་བསྐྲུན་ཐོག་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང་དེ་ཁོད་མི་སྙོམ་པ་ཞིག་བྱུང་ཡོད་སྐོར་གསུངས་འདུག བལ་ཡུལ་གྱི་གྲོས་ཚོགས་ཀྱིས་སྔ་ལོ་ནས་སྤྱི་ཚོགས་ནང་འཛུགས་བསྐྲུན་ཡར་རྒྱས་ཁོད་སྙོམ་ཡོང་རྒྱུ་དང་ད་བར་སྲིད་དོན་ནང་ཐོབ་ཐང་དེ་ཙམ་མ་ཐོབ་པའི་མི་རིགས་རྣམས་པའི་ཆེད་རྩ་ཁྲིམས་གསར་པ་ཞིག་བཏོན་གནང་རྒྱིུའ་འཆར་གཞི་ཡོད་ཀྱང་དེར་སྲིད་དོན་ཚོགས་པ་ཁག་བར་རྩོད་རྙོག་བྱུང་ནས་རྩ་ཁྲིམས་དུས་ཐོག་བཏོན་ཐུབ་པ་བྱུང་མེད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎