རྒྱ་གར་དུ་གཞོན་ནུའི་ཟས་བཅད་ལས་འགུལ་མཚམས་འཇོག
2011.05.19
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་བཞག་༎
དེ་ཡང་ཚེས་༡༩ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕེ་སི་སྦུཀ་(Facebook)སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་ཐོག་སྤྱི་བསྒྲགས་ཤིག་སྤེལ་བ་བརྒྱུད་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་པ་གསུམ་ནས་ རྒྱལ་ས་ལྡི་ལིའི་ནང་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་ ད་རིང་ཉིན་གྲངས་༢༥པའི་སྐབས་ མཚམས་འཇོག་གནང་ཡོད་པ་དང་ ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་པའི་རྒྱུན་ལས་ དོན་གྲུབ་ལྷ་དར་ལགས་དང་ བསྟན་འཛིན་ནོར་བཟང་ལགས་ དེ་བཞིིན་ དཀོན་མཆོག་ཡར་འཕེལ་ལགས་བཅས་ སྨན་ཁང་དུ་དབོར་འདྲེན་གནང་ཡོད་པར་གསུངས་བཞག་ དུས་ཚོས་ངེས་མེད་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་རྒྱུ་དེ་བཞིན་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ངོས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་དང་ དམིགས་ཀར་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་ཞིབ་བཤེར་གནང་རྒྱུའི་ཁས་ལེན་གནང་བའི་རྒྱུ་མཚན་དང་ དེ་བཞིན་བོད་ནང་ཁུལ་ནས་ བོད་མི་སྤུན་ཟླ་མང་པོས་ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་བའི་རེ་འདུན་ལ་བརྟེན་ལས་འགུལ་མཚམས་འཇོག་གནང་བ་ཡིན་པའི་སྐོར་སྤྱི་སྒྲགས་དེའི་ནང་གསལ་འདུག་ལ་ ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དུས་ཚོས་ངེས་མེད་བར་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་པའི་ཞིབ་ཕྲའི་གནས་ཚུལ་ཞིག་ང་ཚོའི་ལྡི་ལིའི་གསར་འགོད་པས་ས་གནས་ས་ཐོག་ནས་གནས་ཚུལ་གཏོང་སྤེལ་བྱས་ཡོད།