༸གོང་ས་མཆོག་ར་ཇ་སི་ཐན་དུ་ཆིབས་བསྒྱུར་གནང་རྒྱུ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ནུབ་ཕྱོགས་ར་ཇ་སི་ཐན་མངའ་སྡེའི་ནང་ཆིབས་བསྒྱུར་གྱི་མཛད་འཆར།

2011.02.06

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ནུབ་ཕྱོགས་ར་ཇ་སི་ཐན་མངའ་སྡེའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་དང་བསྟུན་ནས་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁང་གི་འགྲེམས་སྟོན་ཚན་པས་རྒྱ་གར་ཡུལ་མི་ཚོར་བོད་དོན་གོ་རྟོགས་སྤེལ་ཐབས་ཆེད་དུ་བོད་ཀྱི་པར་རིས་སོགས་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད།

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོན་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་གི་མཛད་འཆར་ཁག་གྲུབ་པའི་རྗེས། ཟླ་བ་འདིའི་ཕྱི་ཚེས་༨ ནས་༡༢ བར་རྒྱ་གར་གྱི་ར་ཇ་སི་ཐན་མངའ་སྡེའི་ནང་ཆིབས་བསྒྱུར་སྐབས། བོད་ཀྱི་འགྲེམས་སྟོན་ཁང་གིས་ཕྱི་ཚེས་༧ ནས་༡༠ བར་གྲོང་ཁྱེར་ཇོརྡ་པུར་ནང་བོད་ཀྱི་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང༌། འགྲེམས་སྟོན་ནི། བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག མི་རིགས་ཀྱི་ངོ་བོ་རྣམས་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱས་ཡོད་པའི་སྐོར་པར་གྱི་འགྲེམས་སྟོན་བྱ་རྒྱུ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེ་དེའི་ནང་བཞུགས་རྒྱུན་རིང་གྲོང་ཁྱེར་ཇོརྡ་པུར་ནང་དུ་ཕྱི་ཚེས་༩ དང་༡༠ ཉིན་གཉིས་རིང་དེ་སྔའི་རྒྱ་གར་གྱི་དཔལ་ནྰ་ལེནྡྲའི་ནང་ཆོས་བསླབ་པ་རྒྱུན་འཛིན་སྐོར་དང༌། དེ་བཞིན་ཤེས་ཡོན། འཛམ་གླིང་ཞི་བདེའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང༌། ཕྱི་ཚེས་དགུའི་ཕྱི་དྲོ་རཇ་མ་ཏ་ཀི་རིཤ་ན་ཀུ་མ་རི་ ཞེས་པའི་བོུའི་སློབ་གྲྭའི་ནང་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་ཡིན་ཞིང༌།  དེ་ནས་ཕྱི་ཚེས་༡༠ ཉིན་བཞུགས་གནས་ཊའཇ་མ་ཧེལ་ མགྲོན་ཁང་གི་ཚོགས་ཁང་ནང་དུ་ས་གནས་དེར་ཡོད་པའི་བོད་མི་སུད་ཀྲར་ཚོང་མཁན་དང༌། རྒྱ་གར་ཡུལ་མི་ཚོར་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང༌། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་ཤོཀ་གེཀ་ལེཏ་དང༌། རྒྱལ་པོ་གའཇ་སིང་ དེ་བཞིན་ཇོརྡ་པུར་ཡི་གྲོང་སྡེའི་སྤྱི་ཁྱབ་པ་། གྲོས་ཚོགས་ཀྱི་འཐུས་མི་སོགས་མཉམ་ཞུགས་གནང་གི་ཡོད་པ་རེད། དེ་རྗེས་ཕྱི་ཚེས་༡༢ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ར་ཇ་སི་ཐན་མངའ་སྡེའི་རྒྱལ་ས་ཇའེ་པུར་དུ་སྦེར་ཕུཏ་མཐོ་རིམ་སློབ་གྲའི་ནང་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎