རྒྱལ་སྤྱིའི་ཆོས་དད་རང་དབང་ཚོཌ་པའི་ལྷན་ཚོགས་ཐེངས་༣༣པ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པའི་ལྷན་ཚོགས་ཐེངས་༣༣པ་དབུ་འབྱེད་གནང་གི་ཡོད་པ་རེད།

2010.09.03

༄༅།།བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༤རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པའི་ལྷན་ཚོགས་ཐེངས་༣༣པ་དབུ་འབྱེད་གནང་གི་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་པའི་ལྷན་ཚོགས་དེ་བཞིན་རྒྱ་གར་གྱི་ལྷོ་ནུབ་མངའ་སྡེ་ཀེ་ར་ལའི་མཚོ་ཁའི་གྲོང་ཁྱེར་ཀོ་ཆི་ནང་ཕྱི་ཚེས་༤ནས་༧བར་ཉིན་གྲངས་བཞིའི་རིང་སྐོང་ཚོགས་གནང་གི་ཡོད་ཅིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཆོས་ལུགས་མི་འདྲ་བ་༡༡ནས་ཕེབས་པའི་སྐུ་ཚབ་མཉམ་རུབ་ཀྱིས་སྨོན་ལམ་གསོལ་འདེབས་གནང་རྗེས་ལྷན་ཚོགས་དངོས་གཞི་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།

རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མེ་ཐིའུ་དང་ལྷན་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧོ་མི་རྡ་ལ་གཉིས་ཀྱིས་གསུང་ན། ཉིན་བཞིའི་ལྷན་ཚོགས་དེའི་ནང་དུ་འཛམ་གླིང་ཁྱོན་ཡོངས་ནས་སྐུ་ཚབ་༦༠༠ ཙམ་མཉམ་ཞུགས་བྱེད་མཁན་ཡོད་པ་གསུང་ཡོད་པ་དང༌། ལྷན་ཚོགས་ཐོག་ལ་གྲོས་བཞི་དོན་ཚན་གསུམ་ཐོག་བགྲོ་གླེང་གནང་རྒྱུ་ཡིན་ཞིང༌། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་བར་ཆོས་ལུགས་ཀྱི་འགན་འཁྲི་དང༌། ཚན་རིག་དང་ཆོས་ལུགས་གཉིས་ཟུང་འབྲེལ་གྱིས་འགྲོ་བ་མིའི་བྱམས་བརྩེའི་འདུ་ཤེས་གོང་འཕེལ་གཏོང་ཐུབ་མིན། རྒྱ་གར་ནང་དུ་ཧིན་རྡུ་བ་དང་ཁ་ཆེ། ཡེ་ཤུའི་ཆོས་ལུགས་ཉམས་ལེན་བྱེད་མི་རྣམས་གང་འདྲ་ཟེ་འཆམ་མཐུན་དུ་མཉམ་གནས་བྱེད་ཐུབ་ཀྱི་ཡོད་མེད་གསུམ་གྱི་སྐོར་ཡིན་པ་རེད། རྒྱ་གར་གྱི་རྩོམ་བྲིས་པ་གྲགས་ཅན་སྐུ་ཞབས་སུ་ཀུ་མར་ཨ་ཛི་ཀོ་ཌེ་ཡིས་ལྷན་ཚོགས་དབུ་འབྱེད་ཉིན་གཙོ་བོའི་གསུང་བཤད་གནང་རྒྱུ་དང་ད་དུང་རྒྱ་གར་ནང་མཚན་སྙན་ཆེ་བའི་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་གནང་མཁན་དང་རྒྱ་གར་གྱི་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུར་དམིགས་པའི་ཆབ་སྲིད་ཀྱི་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུད་ལྦ་མི་ཨག་ནི་ལྦཤ་ལྷན་ཚོགས་དེའི་ནང་ཚོགས་ཞུགས་གནང་མཁན་གྲས་སུ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎